ཆབ་སྲིད་བཙོན་ཟུར་དང་སུད་སི་ལྷ་ས་བུའི་མཐུན་ཚོགས་ནས་བརྟན་བཞུགས་བསྟར་འབུལ།

4 months ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༢ ཚེས་ ༢༣ ཉིན་རྒྱལ་སྤྱིའི་ཁྱོན་དུ་བཞུགས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་པ་དང་། སུད་སི་ལྷ་ས་བུའི་མཐུན་ཚོགས་ཐུན་མོང་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་ཆབས་ཅིག མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་ཁག་ལ་གཞི་བཅོལ་བའི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་གནང་སོང་། དུས་མཚུངས་སུ་བརྟན་བཞུགས་སྐབས་སུ་གཞིས་བཞུགས་བོད་ཀྱི་ཆབ་སྲིད་བཙོན་པ་ཟུར་པ་དང་། ད་ལྟ་བཙོན་ཁང་དུ་བཞུགས་བཞིན་པ། དེ་བཞིན་འདས་གྲོངས་སུ་གྱུར་པ་བཅས་ཡོངས་ཀྱི་ཆེད་དུ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཆབ་སྲིད་བཙོན་ཟུར་རྣམ་པས་གདུང་འབོད་སྨོན་ལམ་ཞིག་ཀྱང་གསུང་འདོན་གནང་སོང་། །
Watch on YouTube