དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༦ སྟེ་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ལས་ཉིན་མཐའ་མ་དང་འབྲེལ། སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམས་ནས་ཐོན་མཇལ་ཞུས་སོང་། དེ་ཡང་དེ་རིང་བཀའ་བློན་རྣམ་པའི་ཐོན་མཇལ་ཁྲོད་༸མགོན་པོ་༸གང་ཉིད་མཆོག་གིས། ང་ཚོ་བོད་ནས་བྲོས་བྱོལ་གྱིས་རྒྱ་གར་བཙན་བྱོལ་དུ་དུས་ཡུན་འདིའི་རིང་བོད་ཀྱི་ཆོས་དང་རིག་གཞུང་བདག་པོ་རྒྱག་མཁན་གྱི་བསྟི་གནས་ཤིག་ཆགས་ཡོད་པ་དེ། བོད་གཞིས་ལུས་རྒྱ་ཆེའི་མི་མང་ཙམ་མིན་པར་བོད་ལ་དོ་སྣང་གནང་མཁན་གྱི་རྒྱ་རིགས་མང་པོ་ཞིག་གིས་ཀྱང་བློ་གཏད་ས་ཤིག་ཡིན་པར་ཡག་པོ་ཞེ་དྲག་འདུག་ཅེས་བཀའ་སྩལ་འདུག ཐོན་མཇལ་གྲུབ་མཚམས་གསར་འགོད་པའི་དྲི་བར་ལན་འདེབས་ཁྲོད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་ཉིན་འཐའ་མ་དེ་ཆགས་ཀྱི་ཡོད་པ་དང་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ནས་ཐོན་མཇལ་ཞུས་པ་དང་ལྷན་དུ་༸གང་ཉིད་མཆོག་ལ་འདས་པའི་ལོ་ལྔའི་རིང་གི་བཀའ་དྲུང་ཡིག་ཚང་དབུས་པའི་ལྷན་ཁང་སོ་སོའི་ལས་བསྡོམས་སྙིང་བསྡུས་ཤིག་ཕུལ་རྒྱུའི་གོ་སྐབས་བྱུང་ཡོད་པ་གསུངས་སོང་ལ། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམས་ལ་ད་བར་ལས་དོན་ཡག་པོ་བསྒྲུབས་གནང་ཡོད་པར་ཐུགས་རྗེ་ཆེ་ཞུས་དང་འབྲེལ། བོད་ནང་གི་བོད་མི་ཚོས་ཇི་ལྟར་རེ་བ་འཆོལ་བཞིན་པ་ལྟར་བཙན་བྱོལ་ནང་གི་བོད་མི་ཚོས་བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་གནང་དགོས་གལ་སྐོར་བཀའ་སློབ་ལམ་སྟོན་ཕེབས་ཡོད་པ་གསུངས་སོང་། མ་ཟད་སང་ཉིན་སྲིད་སྐྱོང་གི་དམ་འབུལ་མཛད་སྒོ་འཚོག་གཏན་འཁེལ་ཡོད་སྟབས་དེ་འབྲེལ་༸མགོན་པོ་༸གང་ཉིད་མཆོག་ནས་ཐུགས་སྨོན་སྐྱབས་འཇུག་ཞུས་ཡོད་པ་དང་། ཐོན་མཇལ་ཁྲོད་བཀའ་བློན་རྣམ་པར་༸གང་ཉིད་མཆོག་གིས་ཐུབ་དབང་གི་སྐུ་བརྙན་རེ་རེ་གསོལ་རས་སྩལ་ཡོད་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་ད་དུང་ཉིན་ཤས་གོང་ཕྱི་ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ Jim McGovern ལགས་དང་། Michael McCaul ལགས་རྣམ་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་དབུས་བོད་མིའི་སྒྲིག་འཛུགས་ལ་གང་ཅིའི་ཐད་ནས་ངོས་འཛིན་གོང་མཐོར་གཏོང་དགོས་པ་སོགས་ཀྱི་གནད་དོན་ཚུད་པའི་ཁྲིམས་འཆར་གསར་པ་ཨང་ H.R. 8982 ཞེས་པ་ཞིག་ཨ་རིའི་གྲོས་ཚོགས་ནང་ངོ་སྤྲོད་གནང་ཡོད་པ་དེ་ཉིད་གལ་ཆེན་པོ་ཡིན་པ་གསུངས་སོང་། དེ་བཞིན་སྐབས་དེར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་ཉིན་མཐའ་མ་དང་འབྲེལ་སྲིད་སྐྱོང་དབུས་པའི་ཤེས་རིག་དང་ཕྱི་དྲིལ་བཀའ་བློན་ལྷན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་བྱུང་བར་སྐལ་པ་བཟང་པོ་བྱུང་སོང་བ་འགྲེལ་བརྗོད་ཀྱིས། བཀའ་ཤག་སྐབས་བཅུ་དྲུག་པ་ཐོག་མའི་ཆར་དམ་འབུལ་སྐབས་སྟབས་མ་ལེགས་པ་ཞིག་ལ་བཙན་བྱོལ་སྤྱི་ཚོགས་དེ་བཞིན་འཁྲུག་ཆ་དོད་པོའི་གནས་སྟངས་ཤིག་གི་འོག་ལྷུང་ཡོད་པ་དེ་ལྟར་ཡང་། དེ་རིང་ལས་ཉིན་མཐའ་མའི་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ཀ་བ་གསུམ་ཀ་ཆ་ཚང་བ་ཞིག་གི་ཐོག་གནས་ཡོད་པ་དེ་བཀྲ་ཤིས་པའི་གནས་སྟངས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་མ་ཟད། ལོ་རྒྱུས་ཐོག་བཀའ་ཤག་ནང་ཐེངས་འདིར་བཀའ་བློན་བུད་མེད་གསུམ་དུས་གཅིག་ཏུ་ཡོད་པ་ལྟར་མྱོང་ཚོར་མི་འདྲ་བ་ཞིག་དང་ཕན་ཚུན་མཉམ་རུབ་ཀྱི་ནུས་པ་ཞིག་ཀྱང་སྟོན་ཐུབ་ཡོད་པ་གསུངས་སོང་། རྩ་བའི་དེ་རིང་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་བཅར་ཞུས་མཁན་དད་ལྡན་མི་མང་བཞི་བརྒྱ་ཉི་ཤུ་ཙམ་ཡོད་པའི་ཁོངས་སུ། ཨེ་མོ་རི་དང་བོད་ཀྱི་ཚན་རིག་ལས་རིམ་གྱི་ཆ་ཤས་སུ་སང་ཉིན་ཕྱི་ཚེས་ ༢༧ དང་གནངས་ཕྱི་ཚེས་ ༢༨ བཅས་ཉིན་གྲངས་གཉིས་རིང་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་དུ་ ‘Advancing the Vision of His Holiness the Dalai Lama through Science, Ethics, and […]
The post ༸གོང་ས་མཆོག་ལ་སྐབས་ ༡༦ པའི་བཀའ་ཤག་གི་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པས་ཐོན་མཇལ་ཞུས་པ། appeared first on vot.





