༸གོང་ས་མཆོག་ལ་འདི་ལོའི་ Grammy གྷེ་རི་མཱི་གཟེངས་རྟགས་དངོས་སུ་འབུལ་ལམ་ཞུས་པ།

1 month ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༣ ཉིན་གྱི་སྔ་དྲོ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ།  དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཉམ་ལས་ཀྱིས་བཟོ་སྐྲུན་གནང་བའི་ཆོས་དང་རོལ་དབྱངས་ཟུང་སྦྲེལ་གྱི་འཁོར་ཐག་ Meditations: The Reflections of His Holiness The Dalai Lama ཞེས་པ་དེར་འདི་ལོའི་ Grammy Award ཞེས་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད་སྟབས།  འཁོར་ཐག་དེའི་ནང་རོལ་དབྱངས་བཏང་མཁན་རྒྱ་གར་གྱི་སྒྲ་དབྱངས་པ་གྲགས་ཅན་སྐུ་ཞབས་ Ustad Amjad Ali Khan ལགས་གཙོས་པའི་ཁོང་གི་བུ་ Amaan Ali Bangash ལགས་དང་ Ayaan Ali Bangash ལགས། དེ་བཞིན་འཁོར་ཐག་བཟོ་སྐྲུན་པ་ Kabir Sehgal ལགས་བཅས་ནས་༸གང་ཉིད་མཆོག་གི་མཇལ་བཅར་ཞུས་པ་དང་འབྲེལ་ Grammy གྷེ་རི་མཱི་གཟེངས་རྟགས་དེ་ཉིད་དངོས་སུ་འབུལ་ལམ་ཞུས་སོང་། དེ་ཡང་དེ་རིང་སྔ་དྲོ་༸གོང་ས་མཆོག་གི་མཇལ་བཅར་མ་ཞུས་གོང་དུ་འདི་གའི་གསར་འགོད་པར་སྐུ་ཞབས་ Ustad Amjad Ali Khan ལགས་ཀྱིས།  ༸གོང་ས་མཆོག་གི་གསུང་འདི་དམིགས་བསལ་གྱི་ནང་སེམས་ལ་ཡིད་དུ་འོང་བ་ཞིག་འདུག་པར་བརྟེན།  ང་ཚོས་༸གང་ཉིད་མཆོག་གི་གསུང་ལྡན་པའི་ཐོག་རོལ་དབྱངས་བླངས་ཏེ་འཁོར་ཐག་ཞིག་བཟོ་སྐྲུན་གནང་ཡོད་པ་དེར་རྒྱལ་སྤྱིའི་རོལ་དབྱངས་རྩེ་ཕུད་ཀྱི་གཟེངས་རྟགས་ཐོབ་ཡོད་པར། དེ་རི་ང་༸གོང་ས་མཆོག་ལ་ Grammy གཟེངས་རྟགས་དེ་ཉིད་དངོས་སུ་ འབུལ་ལམ་ཞུ་ཆེད་དུ་བཅར་བ་ཡིན་ཞེས་གསུངས་སོང་།   དེ་བཞིན་༸གོང་ས་མཆོག་གི་གསུང་དང་སྒྲ་དབྱངས་ལྡན་པའི་འཁོར་ཐག་བཟོ་སྐྲུན་པ་ […]

The post ༸གོང་ས་མཆོག་ལ་འདི་ལོའི་ Grammy གྷེ་རི་མཱི་གཟེངས་རྟགས་དངོས་སུ་འབུལ་ལམ་ཞུས་པ། appeared first on vot.

Original Article