༧གོང་ས་མཆོག་ནས་བཀའ་སྤྱི་གཉིས་ལ་གསར་མཇལ་གནང་བ།

1 month ago

དེ་རིང་ཕྱི་ཟླ་ ༦ ཚེས་ ༤ ཉིན་གྱི་སྔ་དྲོ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་དང་། སྐབས་ ༡༧ པའི་སྲིད་སྐྱོང་མཆོག་གིས་གཙོས་པའི་བཀའ་བློན་རྣམས་ལ། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་གསར་མཇལ་སྩལ་གནང་སོང་བ་དང་། མཇལ་ཁ་གྲུབ་མཚམས་སུ་སྲིད་སྐྱོང་མཆོག་ལ་གསར་མཇལ་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་ཡོད།
Watch on YouTube