༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་སྤུངས་ཁྲི་པའི་མཚན་གསོལ།

6 months ago

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབྲས་སྤུངས་དགོན་པས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཕྱི་ཟླ་ ༡༢ ཚེས་ ༢༤ ཉིན་འབྲས་སྤུངས་བླ་སྤྱིའི་ཚོགས་ཆེན་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། སྐབས་དེར་མགོན་པོ་མཆོག་ལ་འབྲས་སྤུངས་ཁྲི་པའི་མཚན་གནས་འབུལ་རྒྱུ་ཡིན་སྟབས་ འདི་གའི་ཆེད་གཉེར་གསར་འགོད་པ་བསྟན་འཛིན་དབང་འདུས་ནས་འབྲས་སྤུངས་བླ་སྤྱིའི་ཕྱག་མཛོད་དགེ་བཤེས་བློ་གྲོས་ཉི་མ་ལགས་སུ་འབྲས་སྤུངས་ཁྲི་པ་ཞེས་པ་གང་ཡིན་དང་དེའི་བརྒྱུད་རིམ། གྲ་སྒྲིག་ཇི་བྱུང་སོགས་ཀྱི་ཐད་ལ་བཅར་འདྲི་ཞུས་ཡོད། །
Watch on YouTube