དྲི་བ།སྲིད་སྐྱོང་གི་འོས་མིར་བཞེས་མཁན་ཉུང་དུ་ཕྱིན་པ་འདིས།བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་འགོ་ཁྲིད་ལངས་རྒྱུར་བློ་ཁོག་གམ་སྤོབས་པ་མེད་པ་ཆགས་ཀྱི་ཡོད་པའི་རྟགས་མཚན་ཡིན་ནམ།དེའི་རྒྱུ་རྐྱེན་གཙོ་བོ་ཅི་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། ༣༽འོས་འཕེན་པའི་གྲངས་ཀ་དང་དམངས་གཙོའི་གནས་བབ། དྲི་བ།ཕྱི་ལོ་༢༠༢༦ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་གྲུབ་འབྲས་ལ་བལྟས་ན།ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡ་མ་གཏོགས།གཞན་ས་གནས་ཚང་མའི་ནང་འོས་འཕེན་པའི་གྲངས་ཀ་ཉུང་དུ་ཕྱིན་པ་འདིས།བོད་མིའི་སྒྲིག་འཛུགས་དང་མང་ཚོགས་དབར་གྱི་འབྲེལ་ཐག་རིང་དུ་ཕྱིན་པའམ།ཡང་ན་མང་ཚོགས་ནས་དམངས་གཙོའི་ལམ་སྲོལ་ལ་ཡིད་ཆོས་བརླག་བཞིན་པ་མཚོན་གྱི་ཡོད་དམ། ༤༽འོས་བསྡུའི་གྲུབ་འབྲས་དང་མང་ཚོགས་ཀྱི་འདོད་བློའི་སྐོར། དྲི་བ།ད་ལན་གྱི་འོས་བསྡུའི་གྲུབ་འབྲས་ལ་གཟིགས་ན།འདེམས་ཐོན་བྱུང་བའི་མི་སྣ་ཁག་གིས་མང་ཚོགས་ཀྱི་ངོ་ཚབ་མཚོན་ཐུབ་པ་དང་།མང་ཚོགས་ཀྱི་རེ་བ་དང་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་པར་ངོས་འཛིན་གནང་གི་ཡོད་དམ། ༥༽ད་ལོའི་འོས་བསྡུའི་ནང་སེམས་འཚབ་བྱེད་དགོས་པ་དང་།ཡང་ན།མ་འོངས་པ་ཐགས་གཟབ་གནང་དགོས་པ་དེ་འདྲ་གཟིགས་སོང་ངམ།
The post ༡༽སྲིད་སྐྱོང་འོས་མི་དང་ཆབ་སྲིད་ཀྱི་སྤོབས་པའི་སྐོར། appeared first on བོད་ཀྱི་བང་ཆེན།.





