US Senate Moves to Condemn China's New "Ethnic Unity" Law
ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་འདོན་སྤེལ་གནང་འདུག
US Senate Moves to Condemn China's New "Ethnic Unity" Law
ཉེ་ཆར་ཨ་རིའི་གྲོས་ཚོགས་གོང་མའི་ནང་ཆབ་སྲིད་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ནས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་སྐྱོན་བརྗོད་ཀྱི་གྲོས་ཆོད་ S. Res. 791 ཅིག་འདོན་སྤེལ་གནང་འདུག་པ་དང་། གྲོས་ཆོད་དེས་ད་ལྟ་རྒྱ་ནག་གཞུང་གིས་བཙན་བཟུང་འོག་ཏུ་ཡོད་པའི་བོད་མི་དང་། ཡུ་གུར་བ། སོག་པོ། སོགས་ཀྱི་རང་དབང་དང་ཐོབ་ཐང་། དེ་དག་གི་ངོ་བོ་དང་རིག་གཞུང་བཅས་པ་རྒྱུན་གནས་ཐུབ་མིན་ཐད་ཐུགས་འཚབ་ཡོད་པ་གསལ་སྟོན་གནང་བ་དང་སྦྲགས། གྲོས་ཆོད་འདིའི་ནང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་བྱེད་ཆར་དང་། ཨ་རིའི་མངའ་དབང་ལ་ཚོད་འཛིན། ཨ་རིའི་ནང་གནས་སྡོད་མི་མང་གི་བདེ་འཇགས་དང་རང་དབང་ལ་ཉེན་ཁ་བཟོ་བའི་བྱ་སྤྱོད་རྣམས་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད་འདུག གྲོས་ཆོད་འདི་བཞིན་གྲོས་ཚོགས་གོང་མའི་འཐུས་མི་ Jacky Rosen གྱིས་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ངོ་སྤྲོད་གནང་བ་ཞིག་རེད་འདུག །
A bipartisan group of U.S. Senators—including Jacky Rosen (D-NV), John Curtis (R-UT), Jeff Merkley (D-OR), and Jim Banks (R-IN)—has introduced a resolution strongly condemning the People’s Republic of China’s Ethnic Unity and Progress Law.
The resolution raises severe alarms that the legislation codifies forced assimilation, threatening the cultural survival, languages, and fundamental freedoms of Tibetans, Uyghurs, Mongolians, and others under the illegal occupation of China. It also calls out Beijing for using the law to justify "transnational repression" against critics inside the United States.
Crucially, the resolution explicitly recognizes the Dalai Lama and the Central Tibetan Administration's commitment to nonviolence. It reaffirms that any decisions regarding the reincarnation or succession of the Dalai Lama belong strictly to Tibetan Buddhist leaders and the Tibetan people—completely free from Chinese government interference, as mandated by the Tibetan Policy and Support Act of 2020. Finally, it demands that Beijing resume direct, unconditional dialogue with the Dalai Lama or his representatives to resolve long-standing Sino-Tibetan disputes.





