US Presses China for Dialogue After UN Self-Immolation Protest
རང་ལུས་མེར་སྲེག་ལ་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གདུང་སེམས་མཉམ་སྐྱེད་དང་ཨ་རིས་བོད་དོན་རྒྱབ་སྐྱོར་མུ་མཐུད་རྒྱུའི་བསྐྱར་ནན།
US Renews Call for China-Tibet Dialogue Following Tibetan Activist's Death at UN
ཉེ་ཆར་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ་བོད་དོན་ལས་འགུལ་བ་བློ་བཟང་དཔལ་ལྡན་ (བློ་དགའ་རང་བཙན་) ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་རྗེས། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ལ་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྐྱར་ནན་གནང་འདུག་ལ། དེ་དང་ལྷན་དུ་རྒྱ་ནག་གཞུང་ལ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་དང་ལྷན་དུ་ཐད་ཀར་གྲོས་མོལ་བསྐྱར་མཐུད་ཀྱིས། བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་སུ་འབོད་སྐུལ་ནན་པོ་གནང་འདུག
དེ་བཞིན་བློ་དགའ་རང་བཙན་དམ་པ་ཁོང་གི་བློས་གཏོང་དང་འབྲེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེའི་མགྲིན་ཚབ་པ་དང་། ཐའེ་ཝན་གྱི་སྲིད་འཛིན་གཞོན་པ། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གཅིག འགྲོ་བ་མིའི་ཐོབ་ཐང་ཐེབས་རྩ་ཁང་བཅས་རྒྱལ་སྤྱིའི་དབུ་ཁྲིད་དང་ཚོགས་སྡེ་མང་པོས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་གནང་འདུག་ལ། ཁོང་རྣམ་པས་རྒྱ་ནག་གཞུང་གི་དྲག་གནོན་དང་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་བ་དང་འབྲེལ། འདི་ལྟ་བུའི་འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་ནི་བོད་ནང་གི་ཛ་དྲག་གནས་སྟངས་མཚོན་དོན་ཡིན་པར་བསྟན་ཏེ། མུ་མཐུད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་འཐབ་རྩོད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པ་གསལ་སྟོན་གནང་ཡོད་འདུག །





