TYC Launches Worldwide Chain Protest
རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས།
TYC Launches Worldwide Chain Protest
དེ་རིང་ཕྱི་ཟླ་ ༧ ཚེས་ ༡༩ ཉིན་བཞུགས་སྒར་དུ་དབུས་རྒྱུས་ཟུར་པ་ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་བློ་བཟང་ཡེ་ཤེས་མཆོག བོད་མི་མང་སྤྱི་འཐུས་མགོན་པོ་དོན་གྲུབ་ལགས་ཀྱིས་དབུས་པའི་གཞོན་ནུ་ལྷན་ཚོགས་ཀྱི་དབུ་རྒྱུན་ཟུར་པ་བརྒྱད་དབུ་བཞུགས་ཐོག་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་གནང་སོང་།
ལས་འགུལ་འདི་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་ཆེ་བསྟོད་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཟེར་བར་ངོ་རྒོལ་བརྒྱུད་དཔའ་བོ་བློ་དགའ་རང་བཙན་ལགས་དམ་པ་དེ་ཉིད་ཀྱི་མངོན་འདོད་རྒྱུན་མཐུད་པའི་ཆེད་དུ་སྤེལ་བ་ཞིག་ཡིན་པ་རེད་འདུག
དབུ་རྒྱུན་ཟུར་པ་རྣམས་ནས་ཆུ་ཚོད་ ༢༤ རིང་ཟས་བཅད་ངོ་རྒོལ་གནང་གྲུབ་རྗེས། ལས་ཐོག་དབུ་རྒྱུན་རྣམ་པ་དང་རིམ་པས་ས་གནས་གཞོན་ནུ་སོགས་ཀྱིས་རེས་མོས་ངང་གནང་རྒྱུ་ཡིན་པ་མ་ཟད། རྒྱལ་ས་ལྡི་ལིའི་ནང་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡོད་པ་རེད་འདུག
The Tibetan Youth Congress (TYC) has launched a worldwide chain protest in honor of martyr Lobga Rangzen and in rejection of China's so-called Ethnic Law.
The campaign began in Dharamsala with a 24-hour chain hunger strike led by the first batch of eight former TYC Central Executive Committee members. Participants included former TYC President and Member of Parliament Gonpo Dhondup, former Vice President and Chairman of the Central Tibetan Administration's Public Service Commission Karma Yeshi, and former Vice Chairman and current Chief Election Commissioner Lobsang Yeshi.
Following the completion of the first 24-hour fast by the former leaders, the hunger strike will continue with the current TYC leadership, followed by local youth and other supporters, each taking turns in successive 24-hour shifts.
Meanwhile, TYC has also announced that an unto death hunger strike, will be held in New Delhi as part of the protest campaign.
Find more from Voice Of Tibet:
Website: https://www.vot.org
网站: https://www.cn.vot.org
Facebook: https://www.facebook.com/VoiceofTibet
YouTube: https://www.youtube.com/c/VoiceofTibet
Instagram: https://www.instagram.com/voice.of.tibet
Twitter: https://twitter.com/VOT_Tibetan
#VoiceOfTibet #西藏之声





