TYC Launches Month-Long Hunger Strike Honoring Lobga Rangzen, Opposing China’s ‘Ethnic Unity’ Law

1 day ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༩ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་རྡ་རམ་ས་ལར་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་དབུ་འཛུགས་གནང་སོང་ཞིང་། ལས་འགུལ་འདི་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ས་གནས་ཁག་དང་། བོད་དོན་རྒྱབ་སྐྱོར་བ་རྣམས་བརྒྱུད་འཛམ་གླིང་ཡོངས་སུ་སྤེལ་རྒྱུའི་རྒྱུན་མཐུད་ཀྱི་ལས་འགུལ་ཞིག་ཡིན་པ་རེད་འདུག ལས་འགུལ་འདི་ནི་ཆུ་ཚོད་ ༢༤ རེའི་མཚམས་ནས་ལས་འགུལ་བ་གསར་པ་མཉམ་ཞུགས་ཀྱིས། ཟས་བཅད་ངོ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པར་སྤེལ་རྒྱུ་ཞིག་ཡིན་འདུག་ཅིང་། དེ་རིང་ཉིན་དང་པོའི་ཟས་བཅད་ངོ་རྒོལ་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དྲུག་གིས་མཉམ་ཞུགས་ཀྱིས་དབུ་འཛུགས་གནང་སོང་། ལས་འགུལ་འདིའི་དམིགས་ཡུལ་ཡང་། བོད་རང་བཙན་འཐབ་རྩོད་པ་བློ་དགའ་རང་བཙན་དམ་པ་ཁོང་གི་མངོན་འདོད་དད་ཞལ་ཆེམས་ཇི་བཞིན་རྒྱལ་སྤྱིའི་ཁྱོན་དུ་ལས་འགུལ་རྒྱུན་མ་ཆད་པར་སྤེལ་རྒྱུ་དང་། བྱེ་བྲག་ཏུ་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལ་ངོ་རྒོལ་བྱ་རྒྱུ་དེ་ཡིན་པ་རེད་འདུག མ་འོངས་པར་རིམ་པ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུའང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་དུས་ཚོད་ངེས་མེད་ཀྱི་གཞི་རྒྱ་ཆེ་བའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་རེད་འདུག ། DHARAMSHALA, India — July 19, 2026 — The Tibetan Youth Congress (TYC) officially launched a nearly month-long chain hunger strike in Dharamshala today, July 19, 2026, to honor the ultimate sacrifice of late independence activist Lobga Rangzen and to protest China's so-called "Ethnic Unity" law. The protest was started on this date by former members of the Tibetan Youth Congress who gathered to condemn Beijing’s "Ethnic Unity and Progress" legislation, which entered into force on July 1. Activists argue that the law is a tool for forced cultural assimilation designed to systematically erase the fundamental Tibetan identity, language, and cultural heritage. The Tibetan Youth Congress told Tibet Radio today that this demonstration is only the beginning of a broader global campaign. The organization revealed plans to start an indefinite hunger strike in front of the United Nations headquarters in New York City—the location where Lobga Rangzen self-immolated and passed away earlier this month while calling for global action and Tibetan freedom.
Watch on YouTube