Tibetans in South India Protest China’s "Ethnic Unity" Law, Honor Lobga Rangzen

5 days ago

མེ་སོར་གྲོང་ཁྱེར་དུ་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ། Tibetans in South India Protest China’s "Ethnic Unity" Law, Honor Lobga Rangzen དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༡༥ ཉིན། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་གཉིས་དང་། ཀོ་ལི་གྷལ། ཧུན་སུར་ས་གནས་དབུ་མའི་ལམ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ཁག་ཐུན་མོང་གིས་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་དུ་གཞི་རྒྱ་ཆེ་བའི་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་གནང་སོང་ཞིང་། ལས་འགུལ་དེ་ཡང་གཙོ་བོ་ཉེ་ཆར་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལ་ངོ་རྒོལ་དང་། བྱེ་བྲག་ཏུ་བོད་རང་བཙན་ཆེད་རང་ལུས་མེར་སྲེག་གནང་མཁན་བློ་དགའ་རང་བཙན་ལགས་ལགས་དམ་ཕ་ཁོང་གི་བློས་གཏོང་ལ་རྗེས་དྲན་ཞུ་ཆེད་དུ་ཡིན་པ་རེད་འདུག ། དེ་དང་དུས་མཚུངས་ལས་འགུལ་འདིའི་ཆ་ཤས་སུ། ཧུན་སུར་གཞིས་མི་བསྟན་འཛིན་རྣལ་འབྱོར་ལགས་དང་བཀྲིས་ཐག་གཅོད་ལགས་རྣམ་གཉིས་ཀྱིས་དེ་རིད་སྔ་དྲོ་ཕྱག་ཚོད་ ༤ པ་ནས་འགོ་འཛུགས་ཀྱིས། བོད་ཀྱི་རྒྱལ་དར་བསྣམས་ཏེ་ཧུན་སུར་ནས་ལས་འགུལ་སྤེལ་ཡུལ་མེ་སོར་བར་རྒྱང་ཐག་སྤྱི་ལེ་ ༤༥ ཙམ་གྱི་སར་རྒྱང་རྒྱུགས་ཀྱི་ལམ་ནས་གོ་རྟོགས་ལས་འགུལ་ཞིག་ཀྱང་སྤེལ་གནང་ཡོད། །
Watch on YouTube