Tibetans Commemorate 31st Anniversary of the 11th Panchen Lama’s Abduction by China
ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་ ༡༡ པ་ཆེན་པོ་མཆོག་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་ལོ་ ༣༡ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།
Tibetans Commemorate 31st Anniversary of the 11th Panchen Lama’s Abduction by China
ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་ ༡༡ པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་མི་ལོ་ཧྲིལ་པོ་ ༣༡ འཁོར་བའི་དུས་དྲན་དེ་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡༧ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། རྡ་ས་ས་གནས་གཞོན་ནུ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ཐུན་མོང་གི་གོ་སྒྲིག་འོག བཞུགས་སྒར་མེག་ལོར་ཁྲོམ་གཞུང་དུ་སྲུང་བརྩི་དང་སྦྲགས་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་གནང་སོང་།
དེ་མཚུངས་ད་ལྟའི་ཆར་རྡ་རམ་ས་ལར་རྒྱ་གར་རྒྱལ་ཡོངས་དབྱུག་རྩེད་ (Cricket) འགྲན་བསྡུར་འཚོགས་བཞིན་པ་དང་བསྟུན་ནས། ཚོགས་པ་གསུམ་གྱིས་དེ་རིང་ཉིན་རྒྱབ་རྒྱ་གར་མི་མང་ལ། ཀུན་གཟིགས་༧པཎ་ཆེན་སྐུ་འཕྲེང་ ༡༡ པ་མཆོག་གི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སོགས་ངོ་སྤྲོད་དང་གོ་རྟོགས་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་དང་། དེ་བཞིན་དོ་དགོང་རྡ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཕྲུག་རྣམས་ལ་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་དང་སྦྲགས། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་ལགས་ཀྱིས་བོད་ནང་རྒྱ་ནག་གི་བཙོན་འོག་ཏུ་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་རྣམ་པའི་གནས་སྟངས་སྐོར་ལ་ངོ་སྤྲོད་གནང་རྒྱུ་བཅས་ཡིན་པ་རེད་འདུག །
On May 17, 2026, the Tibetan Youth Congress (TYC), the Regional Tibetan Youth Congress (RTYC) Dharamshala, and the National Democratic Party of Tibet (NDPT) jointly organized a series of campaigns in Dharamshala to mark the 31st anniversary of the abduction of the 11th Panchen Lama, Gendun Choekyi Nyima, by the Chinese government. The day's events began with a public awareness drive in the McLeod Ganj market, followed by an afternoon outreach initiative targeting the large crowds of Indian tourists visiting the town for the ongoing IPL tournament. The commemoration concluded in the evening at Upper TCV School, featuring a documentary screening for students and a presentation by former political prisoner Ngangwang Woebar on the harsh realities faced by political prisoners inside Tibet.





