Three Detained Outside U.N. During Protest Honoring Self-Immolated Tibetan Activist

1 week ago

ནིའུ་ཡོག་ཏུ་བོད་མི་ལས་འགུལ་བ་གསུམ་འཛིན་བཟུང་བྱས་འདུག Tibet Activists Detained by Police After Blocking U.N. Headquarters, Warning Identity Is 'on Brink of Extinction' ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༩ ཉིན། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། བོད་མི་ལས་འགུལ་བ་ཚོས་ངོ་རྒོལ་ལས་འགུལ་སྤེལ་བའི་སྐབས། ས་གནས་ཀྱི་ཉེན་རྟོག་པས་བོད་མི་ལས་འགུལ་བ་གསུམ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། ད་ལན་གྱི་ལས་འགུལ་འདི་ནི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ནས་བདུན་ཕྲག་གཅིག་འཁོར་བའི་རྗེས་དྲན་ཆེད་ཡིན་ཞིང་། སྐབས་དེར་ལས་འགུལ་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་གཡུག་བྱེད་བཞིན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དགོས་པ། རྒྱ་ནག་གིས་བོད་ནས་ཕྱིར་འཐེན་བྱེད་དགོས་པའི་འབོད་ཚིག་སྒྲོག་པ་མ་ཟད། བློ་དགའ་རང་བཙན་ལགས་ཀྱི་བློས་གཏོང་ལ་དྲང་བདེན་དགོས་པའི་དགོས་འདུན་སོགས་བཏོང་གནང་འདུག་ལ། ལས་འགུལ་བ་དེ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ལྕགས་ཁྲའི་རྒྱལ་སྒོར་རང་ཉིད་ལྕགས་ཐག་གིས་བཏགས་ཏེ། རྒྱལ་སྒོའི་འགྲོ་ལམ་བཀག་འགོག་གིས་བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ནས་དངོས་སུ་ལས་དོན་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་འདུག ། Three Tibetan activists were detained by police outside the United Nations headquarters in New York on Thursday (July 9) after chaining themselves to the gates to demand international intervention. The protest, which also marked one week since the self-immolation of activist Lobga Rangzen, aimed to draw attention to decades of Chinese repression. Activists strongly criticized China's new Ethnic Unity and Progress Law, warning that state-run, Mandarin-only boarding schools are putting Tibetan identity "on the brink of extinction." Protesters called on U.N. human rights chief Volker Türk to end the organization's silence and demand unfettered investigative access inside Tibet.
Watch on YouTube