Tashi Dhondup Sworn In as Member of Tibetan Parliament from Domey Constituency

1 month ago

སྐབས་ ༡༨ པའི་མདོ་སྨད་ཐོབ་ཁོངས་ཀྱི་བདམས་ཐོན་སྤྱི་འཐུས་སྒུག་ཐོ་དང་པོ་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ནས་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ། Tashi Dhondup Sworn In as Member of Tibetan Parliament from Domey Constituency དེ་ཡང་འདི་ཚེས་ ༢ ཉིན་སྐབས་ ༡༨ པའི་བོད་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དང་པོ་ལས་ཉིན་དང་པོའི་ཐོག་ལ་སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་དྲུག་བདམས་ཐོན་བྱུང་དང་འབྲེལ། ཚེས་ ༣ ཉིན་བཀའ་བློན་རྣམ་པ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་དྲུང་ནས་ལས་འཁུར་དམ་འབུལ་ཞུས་གནང་ཡོད་པ་རེད། བཀའ་བློན་དྲུག་གི་ཁྲོད་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཟུར་པ་པདྨ་མཚོ་མཆོག སྤྱི་འཐུས་ལྷན་ཚོགས་ནས་མང་མོས་ཐོག་བཀའ་བློན་དུ་འོས་འདེམས་བྱུང་བ་ཡིན་པ་སོང་ཙང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ གཞིར་བཟུང་སྒུག་ཐོ་ནས་གོ་རིམ་བཞིན་ཚབ་གསར་འཕྲལ་དུ་དམ་འབུལ་ཞུ་དགོས་ཞེས་གསལ་བ་ལྟར་དེ་རིང་མདོ་སྨད་ཐོབ་ཁུངས་ནས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ནས་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་གི་དྲུང་ནས་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས་སོང་། Following the appointment of Pema Tso as a Kalon and her subsequent resignation from the 18th Tibetan Parliament-in-Exile as a representative of the Domey Constituency, Tashi Dhondup was sworn in as a Member of the 18th Tibetan Parliament-in-Exile on June 8. Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube