Mass mourning spreads to major Tibetan settlements in India

2 weeks ago

རྒྱ་གར་ལྷོ་ཕྱོགས་སུ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ། Mass mourning spreads to major Tibetan settlements in India སྦེལ་ཀོབ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཛ་དྲག་གོ་སྒྲིག་དང་སྣེ་ཁྲིད་འོག་ཨ་རིའི་ནིའུ་ཡོག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་ཏེ་སྐུ་དྲོག་དོར་མཁན་རང་བཙན་འཐབ་རྩོད་པ་བློ་དགའ་ལགས་ཀྱི་མཛད་རྗེས་དང་སྙིང་སྟོབས་ལ་རྗེས་དྲན་དང་མྱ་ངན་ཆེད་སྦེལ་ཀོབ་ས་གནས་མང་ཚོགས་འདུ་འཛོམས་ཀྱིས་གཞིས་གྲོང་དང་པོའི་དཔའ་བོའི་རྡོ་རིང་མདུན་ཐང་དུ་ལས་འགུལ་སྤེལ་བ་དང་མཆོད་འབུལ་སྨོན་ལམ་ཚོགས་ཡོད་པ་མ་ཟད་དེ་རིང་ཕྱི་དྲོ་སྦེལ་ཀོབ་ས་གནས་དབུ་མའི་ལམ་གྱི་གཞོན་ནུ་བེུད་ལྷན་ཚོགས་ཐོུང་ནས་གོ་སྒྲིག་འོག་ས་གནས་ལ་མཆོད་འབུལ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་ཚོགས་གནང་གི་ཡོད་པ་མ་ཟད་སེ་ར་ཐེག་ཆེན་གླིང་གི་བླ་སྤྱིར་ཡང་འདུས་མང་ནས་སྔོ་སྨོན་གསུང་གནང་རྒྱུ་རེད་འདུག Hundreds of exiled Tibetans across major settlements in South India have gathered to mourn and hold mass prayer services for Logba Rangzen, the activist who died after setting himself on fire outside the United Nations headquarters.
Watch on YouTube