Mass mourning and prayer services held across South India’s Tibetan settlements and monasteries

2 weeks ago

ཨ་རིའི་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ། བོད་རང་བཙན་འཐབ་རྩོད་པ་བློ་དགའ་ལགས་ཀྱིས་རྒྱ་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་གནང་བའི་རྗེས། ཁ་ས་ཕྱི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་གྲྭ་ཚང་ཁག་ (སེ་ར། འབྲས་སྤུངས། དགའ་ལྡན། བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང། བརྒྱུད་སྨད་གྲྭ་ཚང་། རྫོང་ཆོས་གྲྭ་ཚང་།) བཅས་ཀྱི་བླ་སྤྲུལ་དགེ་འདུན་པ་དང་། སྦེལ་ཀོབ། མོན་གྷོ། ཧུན་སུར། ཀོ་ལི་གྷལ་བཅས་ཀྱི་གཞིས་ཆགས་ཁག་གི་སེར་སྐྱ་མི་མང་བཅས་ཀྱིས་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཚོགས་ཏེ་ཁོང་གི་བློས་བཏང་ལ་གུས་འདུད་དང་གདུང་སེམས་མཉམ་སྐྱེད་ཞུས་ཡོད།
Watch on YouTube