LHASANG TSERING ACCORDED NATIONAL HONOR AT DHARAMSHALA FUNERAL

1 month ago

བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༥ རེས་གཟའ་ཟླ་བ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥ པའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་ལྷ་བཟང་ཚེ་རིང་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་གནང་སོང་བ་དང་། ཁོང་གི་བོད་དོན་འཐབ་རྩོད་ཐོག་ལོ་མང་ཕྱག་ལས་གནང་བར་ངོས་འཛིན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲོལ་ཐོག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་དམ་པ་ཁོང་གི་སྐུ་ཕུང་ལ་འགེབས་གནང་གིས་གུས་བཀུར་ཆེ་བསྟོད་ཞུས་གནང་སོང་། ། Prominent Tibetan activist, writer, and poet Lhasang Tsering has been draped in the Tibetan national flag at his funeral in Dharamshala. The final rites and procession, organized by the Tibetan Youth Congress (TYC), took place on Monday in Dharamshala. In a rare gesture of national respect, the covering of his body with the flag was formally approved by the Kashag, the cabinet of the Central Tibetan Administration. The honor is reserved for individuals recognized for exceptional sacrifices to the Tibetan national cause. Lhasang Tsering, a fiercely uncompromising advocate for Tibet independence (Rangzen), passed away on Thursday, June 11, at the age of 74.
Original Article