Four Days International Conference on Sino-Tibet Relations Inauguratedmiddle way approach
དེ་རིང་ཕྱི་ཚེས་ ༢༦ ནས་ ༢༩ བར་ཉིན་གྲངས་བཞིའི་རིང་སྣེ་ལེན་ཁང་གི་པོ་ཏ་ལའི་ཚོགས་ཁང་དུ། དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག བོད་རྒྱ་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུ་ཞིག་དབུ་འཛུགས་གནང་སོང་། དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མི་མང་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ལས་ཐོག་དང་ཐའེ་ཝན་དོན་གཅོད་ཟུར་པ་ཟླ་བ་ཚེ་རིང་ལགས། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་བསྟན་འཛིན་བཤེས་གཉེན་ལགས། ལས་འགུལ་ཁང་གི་ལས་བྱེད་རྣམས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཁེ་ལི་ཧྥོར་ནི་ཡ་དང་རྒྱ་གར། ཐའེ་ཝན་སོགས་རྒྱལ་ཁབ་ཁག་ལྔ་ལྷག་ནས་གཏམ་བཤད་པ་དང་ཚོགས་བཅར་བ་ ༦༠ ཙམ་མཉམ་ཞུགས་གནང་འདུག





