Dalai Lama Expresses Hope for the Revival of Buddhism in China

1 month ago

༧གོང་ས་༧སྐྱབས་མགོན་ཆེན་མོ་མཆོག་གི་དགོངས་བཞེད་གོང་སྤེལ་གཏོང་ཐབས་ཀྱི་ཚོགས་འདུའི་ཚོགས་བཅར་བར་མཇལ་ཁ་སྩལ་བ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༩ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། ཨེ་མོ་རི་ཚན་རིག་དང་སྒོམ་སྒྲུབ་བསྟི་གནས་ཁང་དང་ཏཱ་ལའི་བླ་མའི་དགེ་རྩ་ཐུན་མོང་གིས་གོ་སྒྲིག་ཞུས་པའི་ ༧གོང་ས་མཆོག་གི་དགོངས་བཞེད་གོང་སྤེལ་གཏོང་ཐབས་ཀྱི་ཚོགས་འདུའི་ཚོགས་བཅར་བ་གཙོ་བོར་གྱུར་པའི་ཕྱི་ནང་གི་དད་ལྡན་ ༤༠༠ ལྷག་ལ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་ཁ་སྩལ་ཞིང་། སྐབས་དེར་རྒྱ་ནག་ནང་ནང་ཆོས་ཁྱབ་སྤེལ་ཡོང་བའི་ཐུགས་རེ་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ་གནང་འདུག གཞི་རྩའི་ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་འཚོགས་པའི་ཚོགས་འདུ་དེ་ནི། ༧གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་དང་འབྲེལ་བའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་ བྱམས་བརྩེའི་ལོ་སྲུང་བརྩིའི་ལས་གཞིའི་མཇུག་བསྡོམས་ལྟ་བུའང་ཆགས་ཡོད་ལ། ཚོགས་འདུའི་ལས་རིམ་ནང་དེང་རབས་ཚན་རིག་དང་དགོན་སྡེའི་ཤེས་ཡོན་ཟུང་འབྲེལ། བྱམས་བརྩེར་གཞི་བཅོལ་བའི་ཤེས་ཡོན་ལམ་ལུགས་འཛམ་གླིང་ཁྱོན་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་ལག་བསྟར་བྱ་ཐབས། དེ་བཞིན་དཔྱད་སྒོམ་ལ་བརྟེན་པའི་སྙིང་རྗེའི་སྦྱོང་བརྡར་བཅས་ཀྱི་གནས་བབ་ཐོག་གསུང་བཤད་དང་བགྲོ་གླེང་གནང་ཡོད་པ་རེད། On May 29, 2026, His Holiness the Dalai Lama granted an audience in Dharamshala to participants of the three-day conference, titled "Advancing the Vision of His Holiness the Dalai Lama Through Science, Ethics, and Compassion," during which he notably expressed hope for the revitalization of Buddhism in China. Jointly organized by the Emory Center for Contemplative Science and Compassion-Based Ethics and The Dalai Lama Trust, the event marked the conclusion of Emory University’s global "Year of Compassion" honoring the spiritual leader's 90th birthday milestones. Throughout the conference, global educators, monastics, and scientists engaged in dialogues focused on integrating modern science with traditional monastic education, implementing compassion-based learning frameworks in schools worldwide, and exploring secular compassion training to foster global ethics and inner peace.
Watch on YouTube