China Shuts Tibetan Academy for Rejecting Party Ideology

3 weeks ago

གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་རྒྱག་ཏུ་བཅུག་འདུག China Shuts Tibetan Academy for Rejecting Party Ideology སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་མཆོག་གིས་ཆེད་འཛུགས་གནང་བའི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་སློབ་ཁྲིད་བྱེད་རྒྱུར་མོས་མཐུན་མ་བྱས་པར་བརྟེན། རྒྱ་གཞུང་གིས་རིག་གནས་སློབ་གྲྭ་དེ་སྒོ་རྒྱག་ཏུ་བཅུག་འདུག དེ་ཡང་བོད་ཀྱི་དུས་བབས་གསར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཉེ་འགྲམ་དུ་ཡོད་པའི་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་དུ། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་འབྲེལ་བའི་སློབ་ཚན་འཆད་ཁྲིད་མ་བྱས་པའི་སྟབས་ཀྱིས། སློབ་མ་གསར་ཞུགས་བྱེད་རྒྱུར་བཀག་འགོག་བྱས་ཏེ། ཉེ་ལམ་སློབ་གྲྭ་དེའི་མཐའ་མཇུག་གི་སློབ་མ་སུམ་ཅུ་ཙམ་སློབ་མཐར་ཕྱིན་རྗེས། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་གཞུང་གིས་སློབ་གླིང་དེའི་ནང་སློབ་མ་གསར་བསྡུ་བྱེད་དུ་མ་བཅུག་པར། བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་པའི་གནས་ཚུལ་ཐོན་འདུག ། Following a two-year ban on new student enrollment for refusing to teach Chinese Communist Party ideology, the Gangjong Sherig Academy has been permanently closed by Chinese authorities. The closure of the institution—originally founded by Tulku Hungkar Dorje—took effect on June 24, immediately following the graduation of its final thirty students.
Watch on YouTube