China's New Ethnic Unity Law | Decoding the New Legislation with Dawa Tsering, Former TPI Director

3 weeks ago

ཕྱི་ཟླ་ ༧ པའི་ཚེས་ ༡ ནས་ལག་བསྟར་བྱ་རྒྱུའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པའི་སྐོར་གླེང་མོལ། China's New Ethnic Unity Law Takes Effect July 1: Decoding the New Legislation with Dawa Tsering, Former TPI Director འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་རྒྱ་ནག་གི་ལོ་འཁོར་ཚོགས་ཆེན་ཐོག་«མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་»ཞེས་པའི་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱས་གཏན་ཁེལ་ཡོད་པ་རེད། བོད་མི་གཙོ་བོར་འགྱུར་བའི་ཡུ་གུར་དང་ནང་སོག་སོགས་རྒྱ་ནག་གི་བཙན་གནོན་འོག་ལུས་པའི་གྲངས་ཉུང་མི་རིགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོས། རྒྱ་ནག་གི་ཁྲིམས་གསར་པ་དེ་བཞིན་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་ཀྱི་ཁྱད་ཆོས་རྣམས་རྩ་མེད་གཏོང་རྒྱུ་དང་། མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་ངན་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པའི་ཁར། ཉེ་ཆར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་མཆོག་ནས་ཀྱང་རྒྱ་ནག་གི་ཁྲིམས་སྒྲིག་དེར་སྐྱོན་བརྗོད་ནན་པོ་དང་སྦྲགས་ནས་ཁྲིམས་དེ་ཕྱིར་འཐེན་བྱེད་དགོས་པ་གསུངས་ཡོད་པ་རེད། ང་ཚོའི་དེ་རིང་གི་རེས་གཟའ་སྤེན་པའི་གླེང་མོལ་གྱི་ལས་རིམ་འདིའི་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟུར་པ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་ལྷན་དུ་རིང་མིན་ཕྱི་ཚེས་ ༡ ནས་ལག་བསྟར་བྱས་ལ་རན་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་གསར་པ་འདིའི་གནད་འགག་དང་ཤུགས་རྐྱེན་བཅས་ཀྱི་སྐོར་ལ་གླེང་མོལ་ཞུ་ཡི་ཡིན། China's new Law on Promoting Ethnic Unity and Progress is set to come into force on July 1, 2026. Presented by Beijing as a legal framework to strengthen national cohesion and build a shared Chinese national identity, the law has drawn significant concern from Tibetans, Uyghurs, Mongolians, and human rights advocates who argue that it further institutionalizes assimilationist policies and weakens protections for ethnic, linguistic, cultural, and religious identities. Critics also point to provisions that could extend the law's reach beyond China's borders, potentially affecting diaspora communities and advocacy groups overseas. In this special discussion, we will unpack the legal, political, and human rights implications of China's new ethnic policy framework with Mr. Dawa Tsering, former Director of the Tibet Policy Institute Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube