China Resumes Demolitions at Tibet's Larung Gar Buddhist Center

2 hours ago

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་སླར་ཡར་གཏོར་བཤིག་གི་ལས་འགུལ་ཞིག་འགོ་བཙུགས་བྱས་པ། China Resumes Demolitions at Tibet's Larung Gar Buddhist Center རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་སླར་ཡར་གཏོར་བཤིག་གི་ལས་འགུལ་ཞིག་ ཕྱི་ཟླ་ ༠༧ ཚེས་ ༡༣ ནས་འགོ་བཙུགས་བྱས་ཡོད་པ་དང་། ཐོག་མར་གསར་འགྱུར་བརྒྱུད་ལམ་ཁག་དང་། འཕྲུལ་སྐར་ལྟ་ཞིབ་ བཅས་ལས་གཡོལ་ཆེད་ ལས་ཀ་དེ་དག་མཚན་མོར་སྤེལ་ཡོད་ཀྱང་། ད་ལྟའི་ཆར་ཉིན་མོའི་དཀྱིལ་ལ་སྤེལ་བཞིན་ཡོད་པ་དང་། ཕྱི་ཟླ་ ༠༧ ཚེས་ ༡༥ བར་དུ་ སྡོད་ཁང་དྲུག་ཙམ་གཏོར་བཤིག་བཏང་ཟིན་པ་མ་ཟད། དགོན་པའི་ནང་ཡོད་པའི་དགེ་འདུན་པ་དང་བཙུན་མའི་སྡོད་ཁང་ཉུང་མཐར་ ༡༠༦༠ ཙམ་གཏོར་བཤིག་གཏོང་རྒྱུ་ཡིན་པ་རེད་ཅེས་བཀོད་འདུག ཡང་བོད་ཀྱི་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གཞུང་གིས་གྲྭ་ཤག་མང་དྲག་པའི་རྐྱེན་གྱིས་བདེ་འཇགས་མེད་ལུགས་ལ་ཁ་གཡར་ནས། གྲྭ་ཤག་བཤིག་མགོ་བཙུགས་པ་དང་། ད་ལྟའང་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་ཐད་ གསལ་ཁ་གང་ཡང་མི་འདུག་ཅེས་དང་། ས་གནས་གཞན་དང་གཞན་གྱི་ཆོས་མཇལ་བ་རྣམས་ལ་ གནས་མཇལ་བྱེད་མི་ཆོག་པར། དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་སྐོར་སོགས་ཀྱང་བཀོད་འདུག གསར་འགྱུར་རྒྱུད་ལམ་གཞན་ཁག་ནང་ད་ལྟ་རྒྱ་ནག་གཞུང་གིས་གཏོར་བཤིག་གཏོང་བཞིན་པ་འདིའི་སྡོད་ཁང་གི་གྲངས་འབོར ༦,༠༠༠ ནས་གཞུང་གིས་བཟོས་པའི་ཚད་གཞི་ ༥,༠༠༠ བར། ཉུང་འཕྲི་བྱེད་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་ཡོད་པ་དེའི་ཆེད་དུ། གྲྭ་ཤག་ ༡,༠༠༠ ཙམ་གཏོར་དགོས་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཡང་སྤེལ་ཡོད་པ་རེད་འདུག ། གཞི་རྩའི་འདས་པའི་ལོའི་ནང་ཡུ་རོབ་གྲོས་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ། ཨ་རིའི་གཞུང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སོགས་རྒྱལ་སྤྱིའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སོགས་ཀྱིས་རྒྱ་གཞུང་གིས་གསེར་རྟ་བླ་རུང་སྒར་དུ་ འཆར་གཞི་ལྡན་པའི་ གཏོར་བཤིག་དང་། རིག་གཞུང་རྩ་མེད་བཟོ་བཞིན་པར་ ངོ་རྒོལ་གྱི་གྲོས་ཆོད་དང་། གཞུང་འབྲེལ་བསྒྲགས་གཏམ་སོགས་ཡང་ནས་ཡང་དུ་སྤེལ་ཡོད་ན་ཡང་། རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་ཐོབ་ཐང་བརྩི་མེད་རྡོག་རོལ་གྱིས་ད་ལྟ་ཡང་མུ་མཐུད་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་བཞིན་ཡོད་པ་རེད་འདུག ། According to the International Campaign for Tibet (ICT), a new round of demolitions began around July 13, 2026, at Larung Gar—one of the largest Tibetan Buddhist learning centers in the world—located in Serthar, eastern Tibet. A source with knowledge of the matter informed ICT that the operations, which are being carried out at night, will impact at least 1,060 residences belonging to monks and nuns. Rights groups express deep concern that this latest wave of destruction marks a further tightening of restrictions on religious practice, coming amid an escalation of Beijing's coercive assimilation policies under China's new ethnic unity law that took effect on July 1. Chinese authorities have repeatedly targeted the site with demolitions and forced evictions since 2001 in an ongoing effort to drastically shrink the size of the institute.
Watch on YouTube