Beijing’s New Ethnic Unity Law Sparks Alarm Over Extended Overseas Enforcement Reach

3 weeks ago

རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་ཁྲིམས་གསར་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས། རྒྱ་ནག་གཞུང་གིས་ཉེ་ཆར་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་གསར་པའི་འོག ཕྱི་རྒྱལ་དུ་གནས་སྡོད་གང་ཟག་སུ་ཞིག་གིས་ཁྲིམས་དེ་དང་འགལ་བའི་ལས་འགུལ་སྤེལ་ཚེ། ཁྲིམས་ཐོག་ནས་དམིགས་འབེན་དང་འགན་འཁྲི་རྩད་གཅོད་བྱེད་པའི་ཐོབ་ཐང་ཡོད་སྐོར་རྒྱ་ནག་གི་ཁྲིམས་འཛིན་བློན་ཆེན་གཞོན་པས་ནན་བརྗོད་བྱས་ཡོད། གནད་དོན་དེའི་ཐད། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས། རྒྱལ་མཚམས་ལས་བརྒལ་བའི་ཁྲིམས་དེ་རྒྱལ་སྤྱིའི་ཁྲིམས་དང་རྒྱ་ནག་རང་གི་རྩ་ཁྲིམས་དང་ཡང་འགལ་གྱི་ཡོད་པར་མ་ཟད། བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་སྲིད་བྱུས་དེ་དག་ནམ་ཡང་ལམ་ལྷོངས་ཡོང་མི་སྲིད་པའི་སྐོར་གསུངས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གིས། རྒྱ་ནག་གི་རྒྱལ་མཚམས་ལས་བརྒལ་བའི་འཇིགས་སྐུལ་རིགས་བྱུང་ཚེ་འབྲེལ་ཡོད་ལ་འཕྲལ་དུ་སྙན་སེང་ཞུ་དགོས་པའི་ལམ་སྟོན་དང་སྦྲགས། རྒྱ་ནག་གི་མི་རིགས་མཉམ་བསྲེས་དང་དམ་དྲག་གི་སྲིད་བྱུས་ལ་གདོང་ལེན་གྱིས། བོད་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་ཐུན་མིན་རིག་གནས་གོང་སྤེལ་ཆེད་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་ནན་བརྗོད་གནང་ཡོད།
Watch on YouTube