60 Tibetan Youth Congress Activists Storm Chinese Embassy in New Delhi, Honours Lobga Rangzen

1 week ago

བོད་རང་བཙན་དང་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་བསྡུ་དགོས་པའི་ངོ་རྒོལ་ལས་འགུལ། ཕྱི་ཟླ་ ༧ ཚེས་ ༧ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་གར་གྱི་ས་གནས་ ༧ ནས་ལས་འགུལ་བ་ ༦༠ ཙམ་མཉམ་ཞུགས་གནང་སྟེ། བོད་རང་བཙན་ཡིན་པ་ལས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་ཡིག་ཕྱིར་བསྡུ་དགོས་པ། དེ་བཞིན་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱི་བློས་བཏང་ལ་དྲང་བདེན་དགོས་པའི་དགོས་འདུན་ཐོག་དཔའ་བོ་ཁོང་ལ་གདུང་སེམས་མཉམ་བསྐྱེད་ཆེད་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་བ། Around 60 Tibetan Youth Congress activists stormed the Chinese Embassy in New Delhi on Monday to protest China's newly enacted Ethnic Unity Law and to honour the late Tibetan activist Lobga Rangzen. Speaking to us, Tibetan Youth Congress President Tsering Choephel said the demonstration was a protest against China's "illegal occupation of Tibet," its ongoing policies aimed at eroding Tibetan identity, and the continued repression of the Tibetan people. He added that the protest also sought to honour Lobga Rangzen's sacrifice and to hold China accountable for its policies in Tibet. Activists are being held at Mandir Marg Police station in Delhi. ལས་འགུལ་བ་དེ་དག་ད་ལྟའི་ཆར་ལྡི་ལིའི་ Mandir Marg ཉེན་རྟོག་ལས་ཁུངས་ཀྱི་བཀག་ཉར་ཁང་དུ་བཅུག་ཡོད་པ་རེད་འདུག Find more from Voice Of Tibet: Website: https://www.vot.org 网站: https://www.cn.vot.org Facebook: https://www.facebook.com/VoiceofTibet YouTube: https://www.youtube.com/c/VoiceofTibet Instagram: https://www.instagram.com/voice.of.tibet Twitter: https://twitter.com/VOT_Tibetan #VoiceOfTibet #西藏之声
Watch on YouTube