ལ་དྭགས་ཞི་བའི་ཚལ་དུ་ཞབས་སོར་བདེ་བར་འཁོད་པ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༨ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མར་ཡུལ་ལ་དྭགས་སུ་མཁའ་ལམ་བརྒྱུད་ཆིབས་ཞལ་སྒྱུར་སྐབས་དད་ལྡན་མང་ཚོགས་བགྲང་ལས་འདས་པས་ལག་ན་མེ་ཏོག་དང་། བདུག་སྤོས། མཇལ་དར་སོགས་ཐོགས་ཏེ་ཕེབས་བསུ་དང་བཅས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་གནང་སོང་། །





