རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་བོད་དོན་གྲོས་མོལ་བྱེད་རྒྱུ་ཐད་ཞེད་སྣང་བྱེད་མི་རུང་ཞེས་བརྡ་ལན་གནང་སོང་།

4 weeks ago

ཟླ་འདིའི་ཕྱི་ཚེས་ ༢༢ དང་ ༢༣ བཅས་ཉིན་གཉིས་ཀྱི་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་ BRICS National Security Advisers’ Meeting ཞེས་ BRICS རྒྱལ་ཁབ་ཁག་གི་རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུ་འཚོག་བཞིན་ཡོད་པ་དང་བསྟུན། བོད་ནང་གི་འགྲོ་བ་མིའི་གནས་སྟངས་དང་བོད་རྒྱ་གཉིས་ཀྱི་དཀའ་ངལ་སྐོར་གླེང་དགོས་པའི་ཞུ་སྐུལ་གནང་འདུག དེ་ཡང་དེ་རིང་ ANI གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།  ཁ་སང་ནས་འགོ་འཛུགས་ཀྱིས་ཉིན་གཉིས་ཀྱི་རིང་ BRICS རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུ་འཚོག་བཞིན་ཡོད་པ་དང་། ཚོགས་འདུའི་ཐོག་རྒྱལ་ཁབ་བཅུའི་ཕྱི་སྲིད་བློན་ཆེན་མཉམ་ཞུགས་གནང་གི་ཡོད་པ་མ་ཟད།  རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Wang Yi ཡང་མཉམ་ཞུགས་བྱས་ཡོད་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་རྣམ་གཉིས་ཀྱིས་སེམས་འཚབ་མངོན་གསལ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་སྤྱི་དང་ལྷག་པར་བོད་ནང་གི་འགྲོ་བ་མིའི་གནས་སྟངས་སྐོར་གླེང་དགོས་གལ་ཆེ་བ་ཡིན་པ་གསུངས་འདུག སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ BRICS དབུ་ཁྲིད་རྣམས་རྒྱལ་ཚོགས་ཀྱི་ཚོགས་མི་ཁོངས་སུ་ཡོད་པར་བརྟེན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་གུས་བརྩི་ཞུ་དགོས་པ་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་ལག་བསྟར་གནང་དགོས་པ་གསུངས་འདུག  ལྷག་པར་རྒྱ་ནག་ཕྱི་སྲིད་བློན་ཆེན་བརྒྱུད་རྒྱ་ནག་སྲིད་གཞུང་ལ་ཞུ་འདོད་པ་ཞིག་ནི་གལ་ཏེ་རྒྱ་ནག་དེ་བཞིན་བརྟན་ལྷིང་དང་ཚད་ལྡན་གྱི་རྒྱལ་ཁབ་ཅིག་ཆགས་འདོད་ཡོད་ཚེ་གྲོས་མོལ་གནང་རྒྱུ་ཐད་ཞེད་སྣང་བྱེད་མི་རུང་ཞེས་གསུངས་པ་དང་འབྲེལ།  རྒྱལ་ཁབ་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་འཕེལ་རྒྱས་ལའང་ཞེ་སྣང་བྱེད་མི་རུང་ཞེས་གསུངས་འདུག་པ་མ་ཟད།  ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་ངོས་ནས་མི་མང་རྣམས་བརྙས་བཅོས་དང་སྡུག་སྦྱོང་ལས་སྲུང་སྐྱོབ་བྱེད་དགོས་གལ་ཆེ་བ་ཡིན་པ་དང་མེ་མདའ་དང་མདེའུ་ཁོ་ནའི་རྒྱལ་ཁབ་རྒྱུན་གནས་ཐུབ་ཀྱི་མེད་པར་བརྟེན་མི་མང་གི་ཡིད་ཆེས་ཐོབ་དགོས་པ་དང་། དེའི་ཆེད་དུ་གྲོས་མོལ་རྒྱུན་སྐྱོང་དང་མི་མང་གི་བསམ་ཚུལ་དང་སྐད་ཆ་ལ་ཉན་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་འདུག ཕྱོགས་མཚུངས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ BRICS རྒྱལ་སྲུང་སློབ་སྟོན་པའི་ཚོགས་འདུར་སླེབས་པར་སེམས་འཚབ་བྱུང་ཞེས་གསུངས་བ་མ་ཟད། ཚོགས་འདུའི་ཐོག་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་ཐད་ལའང་གྲོས་མོལ་གནང་རྒྱུ་ཡིན་པར་བརྟེན། ཇི་སྲིད་བོད་ཀྱི་གནད་དོན་མ་སེལ་བར་དེ་སྲིད་དུ་ས་མཚམས་ཀྱི་གནད་དོན་ཐད་ཐག་གཅོད་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག རྩ་བའི་ད་རེས་ BRICS ཚོགས་འདུ་དེ་བཞིན་རྒྱ་གར་གྱིས་གོ་སྒྲིག་གནང་བའི་ BRICS ཚོགས་འདུ་ཐེངས་ ༤ པ་དེ་ཆགས་ཀྱི་ཡོད་པ་དང་། ད་ལན་གྱི་ཚོགས་འདུའི་ཐོག་བརྗོད་གཞི་ནི་ Building for Resilience, Innovation, Cooperation and […]

The post རྒྱ་ནག་ཕྱི་སྲིད་བློན་ཆེན་ལ་བོད་དོན་གྲོས་མོལ་བྱེད་རྒྱུ་ཐད་ཞེད་སྣང་བྱེད་མི་རུང་ཞེས་བརྡ་ལན་གནང་སོང་། appeared first on vot.

Original Article