ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ཟླ་བ་འདིའི་ནང་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཚོང་ལས་ཁང་ཁག་གཅིག་གིས་ཡུལ་དེའི་རྒྱལ་སྲུང་ལ་དཔལ་འབྱོར་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེ་བྱེད་བཞིན་པའི་གནད་དོན་འོག་རྒྱ་ནག་གི་ཚོང་ལས་ཁང་ ༨༠ ཙམ་ལ་ཚོང་འབྲེལ་བཀག་སྡོམ་གྱིས་སྲིད་དོན་ཉེས་ཆད་བཀལ་ཡོད་པ་ལྟར། ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གཞུང་གིས་འཁོན་ལན་ཚུལ་དུ་ཨ་རིའི་དམག་དོན་ཚོང་ལས་ཁང་ ༡༠ ལ་སྲིད་དོན་ཉེས་ཆད་བཀལ་འདུག དེ་ཡང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ཉིན་རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ཟླ་བ་འདིའི་གཅིག་པོའི་ནང་རྒྱ་ནག་ཏུ་རྟེན་གཞི་བྱས་པའི་ཚོང་ལས་ཁང་ཆེ་གྲས་ཁོངས་སུ་ཡིན་པ་ Alibaba དང་། BYD དེ་བཞིན་ Baidu གསུམ་གཙོས་པའི་གཞན་ཚོང་ལས་ཁང་ ༨༠ ཙམ་གྱིས་རྒྱ་ནག་སྲིད་གཞུང་གི་སྡེ་ཚན་ཁག་གཅིག་དང་ལྷན་དུ་མཉམ་ལས་བརྒྱུད་རྒྱ་ནག་གི་དམག་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད་པར་ངོས་འཛིན་གྱིས་ཡུལ་དེའི་ཐོ་གཞུང་ནག་པོའི་ཁེ་ལས་ཀྱི་མིང་གཞུང་ནང་དུ་བཅུག་ཡོད་སྐོར་འགྲེལ་བརྗོད་དང་སྦྲགས་ཏེ། འཁོན་ལན་གྱི་ཚུལ་དུ་ Aveox དང་Lockheed Martin, Raytheon དེ་བཞིན་ General Dynamics གཙོས་པའི་ཨ་རིའི་རྒྱལ་སྲུང་དང་འབྲེལ་བ་ཡོད་པའི་ཚོང་ལས་ཁང་ ༡༠ ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པ་བཤད་འདུག མ་ཟད། ཕྱིར་ཚོང་བཀག་སྡོམ་དེ་ནི་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དང་། དེ་བཞིན་ཨ་རིའི་གཞུང་གིས་རང་སྣང་གང་དྲན་གྱིས་རྒྱ་ནག་གི་ཚོང་ལས་ཁང་ལ་ཚོང་འབྲེལ་བཀག་སྡོམ་གཙོས་པའི་སྲིད་དོན་ཉེས་ཆད་བཀལ་བ་དེར་ལན་འདེབས་བྱས་པ་ཞིག་ཡིན་ཞེས་བརྗོད་འདུག་པ་དང་། དེ་བཞིན་ཨེ་ཤི་ཡ་ཚོགས་པའི་སློབ་སྟོན་ཚོང་ལས་ཁང་གི་རྒྱ་ནག་ཁུལ་གྱི་མཉམ་ལས་པ་ George Chen ཟེར་བས་ཨ་རི་གཞུང་གིས་རང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་མིང་ཐོག་ནས་རྒྱའི་དཔོན་རིགས་དང་བཟོ་ཚོང་ལས་ཁང་མང་དག་ཅིག་ལ་གཞི་མེད་ཁྲིམས་འགལ་གྱི་ཉེས་ཆད་བཀལ་ཡོད་སྟབས། ད་རེས་རྒྱ་གཞུང་གིས་ཨ་རིའི་དམག་དོན་ཚོང་ལས་ཁང་ ༡༠ ལ་སྲིད་དོན་ཉེས་ཆད་བཀལ་ཡོད་པ་བཤད་འདུག དེ་འབྲེལ་གནད་དོན་དཔྱད་ཞིབ་པ་ཁག་གཅིག་གིས་ཨ་རིའི་སྲིད་འཛིན་ Donald Trump མཆོག་རྒྱ་ནག་ལ་རྒྱལ་དོན་མཚམས་གཟིགས་ལ་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་སྤྱི་དང་བྱེ་བྲག་ཏུ་ཚོང་འབྲེལ་ཡར་རྒྱས་ཐད་གྲོས་བསྡུར་བྱས་ནས་ཟླ་བ་གཅིག་ལས་ཕྱིན་མེད་པའི་ཁྲོད་འདིར། ད་རེས་རྒྱལ་ཁབ་ཕྱོགས་གཉིས་དབར་འདི་ལྟ་བུའི་ཚོང་འབྲེལ་བཀག་སྡོམ་གཙོས་པའི་སྲིད་དོན་ཉེས་ཆད་བཀལ་བ་དེས་ཕྱོགས་གཉིས་དབར་འབྲེལ་ལམ་ཡར་རྒྱས་འགྲོ་མེད་པའི་གནས་སྟངས་མཚོན་གྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་འགོ་ཁྲིད་གཉིས་ཀྱི་གྲོས་བསྡུར་དེ་བཞིན་ཚགས་ཚུད་བྱུང་མེད་པའི་རྣམ་པ་གསལ་སྟོན་གནང་གི་ཡོད་པ་གསུངས་བཞིན་འདུག གཞི་རྩའི་ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་ National Defense Authorization Act རྒྱལ་སྲུང་གི་གནད་དོན་དང་འབྲེལ་བའི་ཁྲིམས་འཆར་ Section 1260H […]
The post རྒྱ་ནག་གིས་འཁོན་ལན་ཚུལ་དུ་ཨ་རིའི་རྒྱལ་སྲུང་ཚོང་ལས་ཁང་ཁག་གཅིག་ལ་སྲིད་དོན་ཉེས་ཆད་བཀལ་འདུག appeared first on vot.




