རྒྱ་གར་ལྷོ་ཕྱོགས་སུ་བོད་ཀྱི་ངོ་བོ་གཅེས་སྲུང་གི་བདུན་ཕྲག་སྲུང་བརྩི་འགོ་འཛུགས།
ཕྱི་་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༥ ཉིན་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་འོག མི་མང་ཚོགས་ཁང་ནང་ "བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་བདུན་ཕྲག་ཉིན་མོ་" སྲུང་བརྩི་ཞུས་ཡོད། མཛད་སྒོའི་ཐོག་རིག་གཞུང་འཁྲབ་སྟོན། སྦྱང་ཤིང་ཐོག་ཡིག་གཟུགས་འབྲི་བ། བོད་ཀྱི་ཡུལ་ལུང་སོ་སོའི་གྱོན་ཆས་ངོམས་སྟོན། བོད་ཟས་དང་གནའ་བོའི་དངོས་པོ་འགྲེམ་སྟོན་སོགས་སྣ་ཚོགས་གཟིགས་འབུལ་ཞུས་ཡོད། དམིགས་བསལ་དུ་མོན་གྷོ་དབུས་གཏན་ཉིན་སློབ་གྲྭའི་སློབ་ཕྲུག་ཚོས་རྒྱ་ནག་གི་ "མི་རིགས་མཐུན་སྒྲིལ་" ཟེར་བའི་ཁྲིམས་དང་བཅའ་སྡོད་སློབ་གྲྭའི་ཉེན་ཚབ་སྐོར་གཏམ་བརྗོད་འཁྲབ་སྟོན་ཞུས་པར་མང་ཚོགས་ཀྱིས་ཚོར་སྣང་ཆེན་པོ་བསྟན་ཡོད་པ་དང་། ས་གནས་འགོ་འཛིན་ལས་ཁུངས་དང་ཚོགས་པ་སྒྲིག་འཛུགས་ཁག་གིས་ཀྱང་བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་དང་འབྲེལ་བའི་དམ་བཅའ་དང་ལས་འགུལ་སྤེལ་བཞིན་ཡོད།





