རྒྱ་གར་ལྷོ་ཕྱོགས་ཁུལ་དུ་འཁྲུངས་སྐར་ཉིན་གྲངས་གསུམ་རིང་སྲུང་བརྩི་ཞུས་པ།

1 week ago

སྦེལ་ཀོབ་གཞིས་ཆགས་སུ། ཧིན་དུའི་བླ་ཆེན་གདན་ཞུས་ཀྱིས་འཁྲུངས་སྐར་དང་ལྷ་མོ་འཁྲབ་སྟོན་གཉེར་བ་མ་ཟད། ཕྱི་དྲོར་རྒྱལ་གཅེས་པ་བློ་དགའ་ལགས་ཀྱི་ཆེད་དུ་མར་མེའི་ཁྲོམ་སྐོར་གནང་ཡོད། མོན་གྷོ་འདོད་རྒུ་གླིང་དུ། ནོར་བུ་རིར་བསང་གསོལ་དང་ རྒྱ་གར་དཔོན་རིགས་གདན་ཞུས་ཀྱིས་མཛད་སྒོ་དང་རིག་གཞུང་ལས་རིམ་ཉིན་གསུམ་རིང་སྤེལ། ཧུན་སུར་རབས་རྒྱས་གླིང་དུ། རྒྱུད་སྨད་གྲྭ་ཚང་དུ་མཛད་སྒོ་ཚོགས་ཏེ་མཁན་རིན་པོ་ཆེས་མངར་ཟས་གཏུབ་པ་དང་ གཞས་སྣ་འཁྲབ་སྟོན་གནང་། ཀོ་ལི་གྷལ།་དོན་ལྡན་གླིང་དུ། ༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་གྱིས་ཉིན་གསུམ་རིང་སྲུང་བརྩི་དང་ རྒྱལ་གཅེས་པར་སྨོན་ལམ་གསུང་འདོན་གནང།
Watch on YouTube