རྒྱལ་སྤྱིའི་འབྲེལ་ལམ་ཁྱབ་སྤེལ་གཏོང་ཕྱོགས་ཀྱི་ཚོཊ་འདུ་ཞིག་བོད་ནང་འཚོགས་པ་འདི་ནི་རྒྱ་ནག་གི་ངོ་བོ་སྲུང་ཐབས་ལ་དམིགས་པ་ཡིན་སྐོར་ཉམས་ཞིབ་པས་གསུང་གི་འདུག
ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༦ རེས་གཟའ་མིག་དམར་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་གསར་འགྱུར་ལས་རིགས་པ་དང་། མཁས་ལས་པ། ཉམས་ཞིབ་པ་དང་དྲ་ཐོག་མི་སྣ་སྐད་གྲགས་ཅན་སོགས་༣༠༠ལྷག་ལྷན་ཞུགས་ཀྱིས། རྒྱ་ནག་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ཟེར་བ་དང་། བོད་ལྗོངས་རྒྱལ་སྤྱིའི་འབྲེལ་ལམ་ལྟེ་གནས་ཟེར་བ་གཉིས་ཀྱི་གོ་སྒྲིག་འོག་བོད་ལྗོངས་རྒྱལ་སྤྱིའི་འབྲེལ་ལམ་ཁྱབ་སྤེལ་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོགས་ཡོད་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས། ཚོགས་ཆེན་དེའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གཞུང་གིས་མི་མང་སྐྱེད་སྲིང་གིས་རྒྱ་ནག་རང་གི་འདོད་མོས་དང་མཐུན་པའི་གླེང་ཕྱོ...




