ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བོད་རིགས་ཆེ་དགྲ་ལྷ་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་འདུག

1 month ago

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ པའི་ཚེས་ ༥ ཉིན། ཁྲུང་ཆིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞིའི་རྒྱུན་ལས། ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་ཆེ་དགྲ་ལྷ་ལྐོག་རྔན་བླངས་བའི་ནག་ཉེས་ཕོག་རྗེས་ཚེ་བཙོན་གྱི་ཉེས་ཆད་བཅད་པ་དང་། ཆབ་སྲིད་ཀྱི་དབང་ཆ་འཕྲོག་པ་མ་ཟད་རྒྱུ་ནོར་ཡོངས་རྫོགས་གཞུང་བཞེས་ཀྱིས་ཁྲིམས་ཐག་བཅད་འདུག ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༢༣ ཉིན་ཁོང་གིས་རྒྱལ་ཁབ་ལ་གནོད་པའི་ཁྲིམས་འགལ་བྱས་ཡོད་པའི་ནག་ཉེས་ཐོག་ཞིབ་བཤེར་བྱ་རྒྱུ་ཡོངས་བསྒྲགས་བྱས་རྗེས། ཀྲུང་དབྱང་སྒྲིག་ཁྲིམས་ལྷན་ཁང་དང་། རྒྱལ་ཁབ་ལྟ་སྐུལ་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་ཡོད་པ་དང་ཁྲིམས་ཆད་ཕོག་པ་ངོས་ལེན་བྱས་ཡོད་འདུག ཆེ་དགྲ་ལྷ་ནི་ཕྱི་ལོ་ ༡༩༥༨ ལོར་ཡུན་ནན་བདེ་ཆེན་རྫོང་དུ་སྐྱེས་པའི་བོད་རིགས་ཤིག་ཡིན། ཕྱི་ལོ ༡༩༨༢ ལོའི་ཟླ་ ༥ པའི་ནང་རྒྱ་ནག་གུང་ཁྲན་ཏང་ནང་དུ་ཞུགས། ཕྱི་ལོ་ ༡༩༧༩ ལོའི་ཟླ་ ༡༢ ནང་ལས་ཀ་བྱེད་འགོ་བཙུགས། རྒྱ་ནག་གི་དབུས་གཞུང་གི་ཏང་གི་སློབ་གྲྭར་མཐོ་རིམ་སློབ་སྦྱོང་བྱས། ཐེངས་བཅུ་བཞི་པའི་རྒྱལ་ཡོངས་སྲིད་བྱུས་གྲོས་ཚོགས་ཀྱི་རྒྱུན་ལས་སོགས་མཐོ་རིམ་གོ་གནས་ཐོག་ལས་ཀ་ལོ་མང་བྱས་ཡོད་མཁན་ཞིག་རེད་འདུག དེ་བཞིན་ཉེ་ཆར་ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༥ ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ཉི་མ་ཚེ་རིང་ལ་ཚབས་ཆེན་གྱི་དམ་འགལ་དང་ཁྲིམས་འགལ་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱས་འདུག་པའི་གནས་ཚུལ་སྤེལ་ཡོད་པ་དང་། ད་ལྟ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྩད་གཅོད་དང་ཞིབ་འཇུག་བྱེད་བཞིན་ཡོད་འདུག ཕྱི་ལོ་ ༢༠༢༥ ལོའི་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན། རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་རྨ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀུན་དགའ་ཚེ་རིང་འཛིན་བཟུང་བྱས་ཡོད་པ་དང་། ཞི་ཅིན་ཕེན་གྱི་ལག་བལྟར་བྱེད་བཞིན་པའི་སྒྲིག་ཁྲིམས་དང་ལྟ་ཞིབ་ལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་བཟོས་པའི་དོགས་པ་ཡོད་ཅེས་བཤད་འདུག མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་ལྟ་སྐུལ་ཨུ་ལྷན་ཁང་གཉིས་ཀྱིས་ལྟ་སྐུལ་ཞིབ་བཤེར་བྱས་ཡོད་སྐོར་བཤད་འདུག ཕྱི་ལོ་ ༢༠༢༥ […]

The post ཞིང་ལས་དང་གྲོང་གསེབ་ལྷན་ཁང་གི་འགོ་ཁྲིད་གཞོན་པ་བོད་རིགས་ཆེ་དགྲ་ལྷ་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་འདུག appeared first on vot.

Original Article