མི་རིགས་མཐུན་སྒྲིལ་བཅའ་ཁྲིམས་ལ་གདོང་ལེན་ཕྱིར་ཨ་ཁུ་སྟོན་པའི་བྱིས་པའི་དཔེ་ཀློག་དུས་སྟོན་འགོ་འཛུགས།
དེ་རིང་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་མེག་ལོ་བོད་ཁྱིམ་ཉིན་སློབ་ཏུ་ཨ་ཁུ་སྟོན་པ་བོད་ཀྱི་བྱིས་པའི་དཔེ་ཀློག་དུས་སྟོན་འཚོགས་གནང་ཡོད་ཅིང་། ད་རེས་ཀྱི་དཔེ་ཀློག་དུས་སྟོན་འདི་ནི་ཉེ་ཆར་རྒྱ་ནག་གིས་བཞག་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུར་དེད་ཀྱི་བཅའ་ཁྲིམས་ཟེར་བར་གདོང་ལེན་བྱེད་པའི་ལས་འགུལ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པར་གསུངས་སོང་།
གཞི་རྩའི་ཨ་ཁུ་སྟོན་པ་བོད་ཀྱི་བྱིས་པའི་དཔེ་ཀློག་དུས་སྟོན་འདི་བཞིན་བོད་ཀྱི་གྲོགས་པོ་ཚོགས་པའི་མཐུན་འགྱུར་འོག་ མན་ཇུ་ཤྲཱི་དང་། སྐར་ཆུང་དཔེ་མཛོད་ཁང་གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ལ། དཔེ་ཀློག་དུས་སྟོན་འདི་ནི་འདི་ལོ་ནས་འགོ་བཙུགས་ཏེ་ལོ་ལྟར་ཕྱི་ཟླ་ ༡༡ ནང་འཚོགས་རྒྱུའི་ཆར་གཞི་ཡོད་པ་རེད།





