མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་ཆུ་ལོག་གིས་གནོད་སྐྱོན་ཤུགས་ཆེ་ཐེབས་པ།

1 week ago

མདོ་སྨད་བླ་བྲང་བསང་ཆུ་རྫོང་དུ་ཆུ་ལོག་གིས་གནོད་སྐྱོན་ཤུགས་ཆེ་ཐེབས་པ། ཕྱི་ཟླ་ ༧ ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ནས། མདོ་སྨད་བསང་ཆུ་རྫོང་དུ་དྲག་ཆར་ཤུགས་ཆེན་བབས་པའི་རྐྱེན་གྱིས། བླ་བྲང་དགོན་དང་ཉེ་འཁོར་གྱི་གྲོང་སྡེ་ཁག་སྟེ། བསང་ཁོག་དང་། རྒན་གྱ། ཨ་མཆོག འབོ་ར། སྒྱིས་ཚང་། དམེ་ཤུལ། གཙོས། རྒྱ་སྒར་ཐང་སོགས་ས་ཁུལ་མང་པོར་ཆུ་ལོག་གི་གནོད་སྐྱོན་ཐེབས་ཡོད་འདུག་ཅིང་། གནོད་སྐྱོན་དེའི་ཁྲོད་སྡོད་ཁང་ ༣༠ ལྷག་ལ་རྡིབ་སྐྱོན་དང་། རླངས་འཁོར་དང་ཁྱིམ་ཆས་སོགས་ཆུས་འཁྱེར་བ་སོགས་རྒྱུ་བྱུང་འདུག བོད་ནང་གི་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བར་གཞིགས་ན། ད་ཐེངས་ཀྱི་འབྱུང་བའི་གོད་ཆག་དེའི་ཁྲོད། མི་དང་ཕྱུག་ཟོག་ལའང་ཤི་རྨས་སམ་གནོད་སྐྱོན་ཐེབས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་དེའི་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་བྱེད་པར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་རེད། དེ་དང་སྦྲགས་ཏེ། བསང་ཆུ་རྫོང་དུ་ཆུ་ལོག་དང་འདམ་རུད་ཀྱི་རྐྱེན་པས་ཁྲོམ་གཞུང་དང་སྲང་ལམ་མང་པོ་འདམ་ཉོག་གིས་ཁེངས་ཡོད་པའི་དངོས་ཡོད་གནས་ཚུལ་ཡང་འགྲེལ་བརྗོད་གནང་བྱུང་།
Watch on YouTube