བོད་སྐད་རླུང་འཕྲིན་ལས་རིམ། ༢༠༢༦།༧།༢༤ | དབུས་སྐད་ལས་རིམ།

4 hours ago

1 སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་མཇལ་ཁ་བཀའ་སློབ་གནང་ཡོད་པ། 2 སྤྱི་ནོར་༧གོང་ས་མཆོག་གིས་དབྱིན་ཡུལ་གྱི་སྲིད་བློན་གསར་པ་ཨེན་ཌི་བྷར་ནམ་མཆོག་ལ་འཚམས་འདྲི་གནང་བ། 3 ༧གོང་ས་མཆོག་གིས་ལོ་བཅུའི་སྔོན་དུ་དབུ་འབྱེད་གནང་བའི་ལ་དྭགས་ཀྱི་ཏོག་གྲོང་ཚོའི་ནང་ཡོད་པའི་ཕི་ཊི་༧༡ ཅན་གྱི་སངས་རྒྱས་ཀྱི་སྐུ་བརྙན་ཡོད་སར་སླར་ཡང་ཕེབས་པ། 4 རྒྱ་ནག་གི་དཔོན་རིགས་ཝང་ཧུའུ་ཉིང་བོད་དུ་སྐྱོད་ནས་མི་རིགས་མཐུན་སྒྲིལ་དང་བརྟན་ལྷིང་སྐོར་ནན་བརྗོད་བྱས་པ། 5 རྒྱ་རིགས་མང་གཙོའི་ལས་འགུལ་བ་ཞིག་ལྷ་སར་འཛིན་བཟུང་བྱས་འདུག 6 བལ་ཡུལ་འཚོགས་རྒྱུའི་བོད་རིག་པའི་ཚོགས་འདུར་རྒྱ་ནག་གིས་སེམས་འཚབ། 7 ཨ་རིས་རྒྱ་བོད་གྲོས་མོལ་སླར་གསོའི་འབོད་སྐུལ་བསྐྱར་ནན་གནང་བ། 8 མཱར་ཁོ་རུ་བི་ཡོ་དང་ཝང་དབྱི་མཇལ་འཕྲད་ཀྱིས་ཞི་ཅིན་ཕིང་གི་ཨ་རིའི་འཚམས་གཟིགས་སྐོར་གླེང་ཡོད་པ། 9 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྡ་རམ་ས་ལར་རྒྱལ་གཅེས་དཔའ་བོའི་མངོན་འདོད་རྒྱུན་མཐུད་ཟས་བཅད་ངོ་རྒོལ་ཞེས་པའི་ལས་འགུལ་ཞིག་སྤེལ་ཡོད་པ། 10 བཞུགས་སྒར་དུ་བློ་དགའ་རང་བཙན་ལཊ་སུ་རྗེས་དྲན་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་མུ་མཐུད་སྤེལ་བཞིན་ཡོད་པ། 11 རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་དྲ་ལམ་དང་གླེང་སྟེགས་ལ་བོད་ཀྱི་སྐོར་ལ་གཞུང་གི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ། 12 བཙན་བྱོལ་བོད་པའི་སྤྱི་ཚོགས་ཁྲོད་རང་གཡེང་འཁྲུག་སྐྱོན་ (Autism) དང་དམིགས་བསལ་དགོས་མཁོ་ཅན་གྱི་ཕྲུ་གུའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པར་ལམ་སྟོན། 13 ལ་དྭགས་སུ་གཞོན་སྐྱེས་མི་རབས་ཁྲོད་དུག་རྫས་སྤྱོད་མཁན་མང་རུ་འགྲོ་བཞིན་ཡོད་པར་༧གོང་ས་མཆོག་ནས་ལམ་སྟོན་བཀའ་སློབ། 14 ཨ་རི་དང་བོད་ཀྱི་ལོ་རྒྱུས་འབྲེལ་བའི་ཐོག་ནས་༧གོང་ས་མཆོག་ལ་ཨ་རིའི་སྲིད་འཛིན་ཧྥ་རན་ལིན་རོ་སི་ཝིལ་ནས་ཕྱག་བྲིས་ཕུལ་ཏེ་ཕྱི་འབྲེལ་གྱི་འབྲེལ་བ་བྱུང་པའི་སྐོར། 15བོད་མིའི་གཞོན་སྐྱེས་ཁྲོད་ཚན་རིག་དང་འཕྲུལ་རིག་སློབ་སྦྱོང་ལ་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་སེཊེམ་(STEM) རིག་ཚན་འགྲེམས་སྟོན་གནང་བ། Hosted on Acast. See acast.com/privacy (https://acast.com/privacy) for more information. Episode link: https://play.headliner.app/episode/34454988?utm_source=youtube
Watch on YouTube