བོད་རང་བཙན་གོམ་བགྲོད་པ་རྣམས་ཨ་རིའི་རྒྱལ་སའི་ཁུལ་དུ་འབྱོར་བ།
བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་༼དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་གོམ་བགྲོད་༽ཞེས་པ་ཞིག་སྤྱི་ཟླ་༩ པའི་ཚེས་༡༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ནས་དངོས་སུ་འགོ་འཛུགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིིན་ཊོན་ (Washington DC) བར་དུ་སྤྱི་ལི་229 miles (369 km) གོམ་བགྲོད་གནང་རྒྱུ་ཡིན་འདུག
འདི་ཚེས་༡༤ ཉིན་ཁོང་རྣམ་རྒྱལ་ས་ཝ་ཤིིན་ཊོན་དུ་འབྱོར་གྱི་ཡོད་འདུག་ཅིང་། ལས་འགུལ་དེའི་ནང་ཨ་མ་གཉིས་ཚུད་པའི་མཉམ་ཞུགས་གནང་མཁན་ལས་འགུལ་བ་༡༤ ཡོད་པ་དང་། རྒྱབ་སྐྱོར་བ་ཚོས་ཕྲུག་གུ་ཡོད་པའི་ཨ་མ་གཉིས་ལ་བཀའ་དྲན་ཆེ་ཞུ་ཞིང་། ཁོང་གཉིས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ལ་ཡིརངས་དང་གུས་བརྩེ་ཞུ་བཞིན་འདུག
‘Lobga Rangzen Walk’ Begins 229-Mile Journey from UN Headquarters to Washington
NEW YORK, Sept. 17, 2026 — The “Pawo Lobga Rangzen Walk” began Thursday from the United Nations Headquarters in New York City, launching a 229-mile (369-kilometer) journey to Washington, D.C.
The group consists of 14 Tibetan participants, including two Tibetan mothers and 12 other activists, who are undertaking the long-distance walk to promote the Tibetan independence movement and raise awareness of their call for an independent Tibet.
Organized by the Tibetan National Congress (TNC), the initiative honors Pawo Lobga Rangzen and highlights the participants’ commitment to Tibetan independence and the Tibetan cause.





