བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚོགས་ཆེན་མཇུག་སྒྲིལ།

1 month ago

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཐད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཐུགས་རེ་དང་མཛད་རྗེས་ཞེས་པའི་ཚོགས་ཆེན་ཐོག་མ་འདི་བཞིན། ཆོས་རིག་ལས་ཁུངས་དང་ཏཱ་ལའི་བླ་མའི་དགེ་རྩ་གཉིས་ནས་གཙོ་འགན་བཞེས་ཤིང་། བོད་ཀྱི་བཙུན་མའི་ལས་འཆར་དང་བོད་ཀྱི་བུད་མེད་ལྷན་ཚོགས་བཅས་ཀྱིས་མཉམ་རུབ་ཐོག་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༠ དང་ ༢༡ བཅས་ཉིན་གྲངས་གཉིས་རིང་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་ཚོགས་གནང་སོང་ཞིང་། ད་ལམ་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་ལྗགས་རྩོམ་དངསྐུ་ཐང་ལྗགས་བཀོད་གྲུབ་བསྟུན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕཔ་ངོ་སྤྲོད་གནང་བ་མ་ཟད། དེ་བཞིན་དགེ་བཤེས་མའི་བརྒྱུད་རིམ། དགེ་སློང་མའི་སྡོམ་རྒྱུན་སླར་གསོ་བཅས་བརྗོད་གཞི་ཁག་སོ་སོར་དགེ་བཤེས་མ་བདུན་དང་གཞན་མཁས་པ་བཅས་ཁྱོན་མི་གྲངས་ ༢༣ ཙམ་གྱིས་གསུང་བཤད་གནང་ཡོད་ལ། ཚོགས་བཅར་བའི་ཁོངས་སུ་རྒྱ་བལ་གཉིས་ཀྱི་བཙུན་དགོན་ཁག་ནས་དགེ་བཤེས་མ་ ༧༠ དང་། མཁན་མོ། སློབ་དཔོན་མ་སོགས་ཁྱོན་བཙུན་མ་ ༩༠ ཙམ་གྱིས་མཉམ་ཞུགས་དང་། གཞན་ཡང་གདན་ཞུས་ཟུར་ཉན་པ་བཅས་ཁྱོན་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་སྟེ་ལེགས་པར་མཇུག་སྒྲིལ་ཡོད་པ་རེད། །
Watch on YouTube