བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་རྒྱུན་ལས་སོགས་ལ་མཇལ་ཁ།
དེ་རིང་ཕྱི་ལོ་ ༢༠༢༦ ཟླ་བ་ ༩ ཚེས་ ༢༣ ཉིན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་རྒྱུན་ལས་དང་། རྒྱ་གར་གྱི་དཔོན་རིགས། གྲོས་ཚོགས་འཐུས་མི། བླ་སྤྲུལ་རྣམ་པས་གཙོས་པའི་ཕྱི་ནང་གི་དད་ལྡན་མི་གྲངས་ ༢༠༠ བརྒལ་བར་མཇལ་ཁ་སྩལ་གནང་འདུག་ལ། ཐེངས་འདིའི་མཇལ་ཁའི་སྐབས་སུ་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་རྒྱུན་ལས་རྣམས་ནས་ཚོགས་པའི་ལས་དོན་སྙན་སེང་ཞུས་ཡོད་པ་དང་། དེ་བཞིན་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ཀྱི་སྐུ་ཚབ་ནས་༧གོང་ས་མཆོག་གི་བླ་ན་མེད་པའི་བཀའ་དྲིན་ལ་རྗེས་དྲན་མཚོན་ཆེད་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་གནང་འདུག །





