བོད་ཀྱི་ལོ་རྒྱུས་དང་བུད་མེད་ཀྱི་སྙིང་སྟོབས་མཚོན་པའི་གཏམ་བརྗོད་གསར་པ་ཕ་ཡུལ།

3 hours ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༧ ཉིན། བོད་ཀྱི་ཟློས་གར་ཚོགས་ཁང་དུ་བོད་ཀྱི་ངོ་བོ་དང་འཐབ་རྩོད་ཀྱི་ཉམས་མྱོང་མཚོན་པའི་གཏམ་བརྗོད་གསར་པ་ ཕ་ཡུལ་ ཞེས་པའི་དབུ་འབྱེད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་སོང་ཞིང་། བོད་ཀྱི་གཏམ་བརྗོད་ཚན་པའི་འགན་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གཏམ་བརྗོད་འདིའི་ནང་དོན་གཙོ་བོ་ནི། སྤྱི་ལོ་ ༡༩༥༦ ནས་ ༡༩༥༨ བར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་བརྒྱུད་རིམ་དང་། སྐབས་དེར་བོད་མི་ཚོས་གདོང་ལེན་ཇི་ལྟར་བྱས་ཚུལ། ལྷག་པར་དུ་བོད་ཀྱི་འཐབ་རྩོད་ཁྲོད་བོད་པའི་བུད་མེད་ཚོས་མཛད་རྗེས་ཇི་ལྟར་བཞག་ཡོད་པ་བཅས་གསལ་སྟོན། དེ་བཞིན་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་གཞི་བཅོལ་ཏེ། རྒྱ་གཞུང་གི་འཁྱོག་བཤད་དང་རྫུན་སྒྲིག་གི་དྲིལ་བསྒྲགས་རྣམས་ཁུངས་ལུང་མེད་པ་འཛམ་གླིང་མི་མང་ལ་ར་སྤྲོད་བྱ་རྒྱུ་དེ་ཡང་གཏམ་བརྗོད་འདིའི་དམིགས་ཡུལ་གཙོ་བོ་ཡིན་སྐོར་གསུངས་གནང་སོང་། དུས་མཚུངས་སུ། ད་ལན་གྱི་གཏམ་བརྗོད་ཕ་ཡུལ་ཞེས་པ་འདི་ནི་དེ་སྔོན་འཁྲབ་སྟོན་གནང་བའི་པ་ལགས་ཞེས་པའི་གཏམ་བརྗོད་དེའི་སྟོད་ཆའི་ཚུལ་དུ་གསར་རྩོམ་གྱིས་འཁྲབ་སྟོན་གནང་བ་ཞིག་ཡིན་པ་དང་། མ་འོངས་པར་པ་ལགས་དང་་ཕ་ཡུལ་གཉིས་ཀྱི་བར་དུ་བར་ཆའི་གཏམ་བརྗོད་ཅིག་ཀྱང་གསར་རྩོམ་གྱིས་འཁྲབ་སྟོན་གནང་རྒྱུའི་འཆར་གཞི་ཡོད་པའང་གསུངས་གནང་སོང་། །
Watch on YouTube