ཟླ་བ་འདིའི་ཕྱི་ཚེས་ ༢༤ ཉིན་ཕྱི་ལོ་ ༢༠༢༦ ལོའི་ལན་ཀྲུའུ་གྲོང་ཁྱེར་དུ། སྐབས་ ༢༠ པའི་ཨེ་ཤ་ཡའི་དྲག་འདེམས་རྩེད་འགྲན་བསྡུས་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ཁྲོད་བོད་གཞིས་ཀ་རྩེ་ནས་ཡིན་པའི་རྒྱང་རྒྱུག་ལུས་རྩལ་པ་ཚེ་རིང་མཚོ་མོ་ལགས་ཀྱིས་ཆུ་ཚོད་ ༢ དང་སྐར་མ་ ༢༩། སྐར་ཆ་ ༥༩ དུས་ཡུན་ནང་ཨང་རིམ་དང་པོ་བླངས་ནས་ཟིན་ཐོ་གསར་པ་བསྐྲུན་ཡོད་པ་དང་། བཀྲ་ཤིས་ཚེ་རིང་གིས་རྒྱ་ནག་ནང་ལོག་གི་རྒྱང་རྒྱུག་ཁྲོད་ཨང་རིམ་གསུམ་པ་དང་རྒྱལ་སྤྱི་རིམ་པའི་ནང་ཨང་རིམ་བདུན་པ་བླངས་ཏེ། ཁོང་གཉིས་ཕྱི་ལོ་ ༢༠༢༦ ལོའི་སྐབས་ ༢༠ པའི་ཨེ་ཤ་ཡའི་མཆོང་རྒྱུག་འཕེན་གསུམ་གྱི་རྩེད་འགྲན་ནང་དུ་མཉམ་ཞུགས་བྱ་རྒྱུ་ཡིན་འདུག ཕྱི་ལོ ༢༠༢༤ ལོའི་ཁྲེང་ཏུའུ་ནས་ཨེ་ཤེ་ཡ་ཤར་མའི་རྒྱང་རྒྱུག་འགྲན་སྡུར་ཁྲོད་བོད་རང་སྐྱོང་ལྗོངས་ཟེར་བ་ནས་ཡིན་པའི་ལུས་རྩལ་པ་བོད་མི་ཚེ་རིང་མཚོ་མོ་དང་བཀྲ་ཤིས་ཚེ་རིང་གཉིས་འཛུལ་ཞུགས་བྱས་ཡོད་པ་དང་། བོད་མི་ལུས་རྩལ་པ་ཚེ་རིང་མཚོ་མོར་ཨེ་ཤེ་ཡ་ཤར་མའི་བུད་མེད་རྒྱང་རྒྱུག་ཁྲོད་ཨང་དང་པོ་ཐོབ་ཡོད་པ་དང་། བོད་མི་བཀྲ་ཤིས་ཚེ་རིང་ལ་ཨེ་ཤེ་ཡ་ཤར་མའི་སྐྱེས་པའི་རྒྱང་རྒྱུག་ཁྲོད་ཨང་གསུམ་པ་ཐོབ་ཡོད་པར། བོད་མི་མང་པོའི་དགའ་བསུ་དང་བསྟོད་བསྔགས་ཐོབ་ཡོད་འདུག དེ་བཞིན་ ༢༠༢༤ ལོའི་འགྲོ་རྩལ་འགྲན་སྡུར་ཧྲའན་ཞི་ཧན་ཀྲུང་དུ་སྤེལ་ཞིང་། རྒྱལ་ནང་གི་ཞིང་ཆེན་རིམ་པའི་འཐུས་མིའི་རུ་ཁག་ ༢༧ གྱི་ལུས་རྩལ་པ ༣༥༠ དེའི་ནང་ཞུགས་ཡོད་ལ། བོད་རང་སྐྱོང་ལྗོངས་ཟེར་བ་ནས་ཡིན་པའི་བོད་པའི་ལུས་རྩལ་པ་ ༢ འགྲན་སྡུར་ནང་བོད་པ་སྐྱེས་པ་ཆོས་འཛིན་ཉི་མ་དང་། བོད་པ་བུད་མེད་པདྨ་སྒྲོལ་མ་གཉིས་མཉམ་ཞུགས་བྱས་འདུག པདྨ་སྒྲོལ་མར་བུད་མེད་ཀྱི U༢༠ ཚོགས་ཆུང་གི་སྤྱི་ལེ་ ༡༠ ཡི་ཨང་དང་པོ་ཐོབ་པ་དང་། སྤྱི་ལེ་ ༥ ཡི་འགྲན་སྡུར་ཁྲོད་ཨང་གཉིས་པ་ཐོབ་ཡོད་པ་མ་ཟད། ཆོས་འཛིན་ཉི་མ་ལགས་ལ་སྐྱེས་པའི་ U༢༠ ཚོགས་ཆུང་གི་སྤྱི་ལེ་ ༥ ཡི་ནང་ནས་ཨང་གཉིས་པ་དང་། སྐྱེས་པའི་སྤྱི་ལེ་ ༡༠ ཡི་འགྲན་སྡུར་ཁྲོད་ཨང་གསུམ་པ་ཐོབ་ཡོད། […]
The post བོད་ཀྱི་རྒྱང་རྒྱུག་རྩེད་འགྲན་པ་ཚེ་རིང་མཚོ་མོ་ལ་ཨང་དང་པོའི་བྱ་དགའ་ཐོབ་པ། appeared first on vot.




