བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར། ༢༠༢༦།༠༧།༠༧ Tibet TV Daily News– July 07, 2026

1 week ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ལ་དྭགས་སུ་༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ཞུས་པ། ◆ བཞུགས་སྒར་དུ་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོ་དང་༧རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ལེགས་གྲུབ་ཀྱི་མཇུག་བསྡོམས་མཛད་སྒོ་ཚོགས་པ། ◆ དཔལ་ལྡན་སྲིད་སྐྱོང་མཆོག་གི་ལ་དྭགས་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་དབུ་འཛུགས། ◆ རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་གྱི་མཇུག་བསྡོམས་མཛད་སྒོར་དཔལ་ལྡན་ཚོགས་གཞོན་མཆོག་ཕེབས་ཞུགས་གནང་བ།
Watch on YouTube