བལ་ཡུལ་དགོན་པ་གཉིས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བདེ་སྙན་པར་སྔོན་འགྲོའི་ཉན་ཞིབ།

1 month ago

ད་རིང་སྤྱི་ཟླ་༦ ཚེས ༩ རེས་གཟའ་མིག་དམར་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་བདེ་སྙན་པ་གྲྭ་སེང་གེ་ཤེས་རབ་དང་། ཤར་སྦག་ཁང་དོན་འགྲུབ་སྡིང་། ཤྲི་སེང་གེ་བྲག་ངེས་དོན་བདེ་ཆེན་འོད་གསལ་གླིང་དགོན་པོ་གཉིས་ལ་སྔོན་འགྲོའི་ཉན་ཞིབ་གནང་སོང་། གྱོད་གཞི་དེའི་ནི་དེ་སྔའི་ཁམ་ཆུ་ཨང་༢༢་དང་ངོའོ་མཐའ་ཐད་ཡིན་འདུག་ཅིང་། ཐེངས་འདི་སྔོན་འགྲོའི་ཉན་ཞིབ་སྐབས། བདེ་སྙན་པའི་ངོ་ཚབས་ཁྲིམས་རྩོས་པས་ཁྲིམས་ཞིབ་པ་རྣམས་ལ་ཕུལ་བའི་སྤང་ཡིག་དང་སྔོན་འགྲོའི་ཉན་ཞིབ་གསུངས་བའི་འབྲེལ་བརྗོད་རྣམས་གཞི་འཛིན་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གནས་དོན་དེ་ཁམ་ཆུར་ངོ་ཞེས་གནང་མིན་རིམ་བཞིན་ཐག་བཅོད་གནང་རྒྱུ་རེད་འདུག
Watch on YouTube