བལ་བོད་ས་མཚམས་སུ་བྱུང་བའི་ཆུ་ལོག་གི་གོད་ཆགས་གནས་ཚུལ་ཕྱིར་གྱར་མི་ཆོག་པའི་བཀའ།

3 hours ago

བལ་བོད་ས་མཚམས་སུ་ཆུ་ལོག་གི་གོད་ཆགས་བྱུང་སྟེ་མི་རྒྱུ་གཉིས་ཀར་གསབ་ཐབས་བྲལ་བའི་གྱོང་གུད་ཕོག་པ་དང་། མི་གྲངས་སྟོང་ཕྲག་བརྒལ་བ་རྐྱེན་འདས་དང་གར་སོང་ཆ་མེད་དུ་གྱུར་བ། ཕ་གཞིས་དང་ས་ཁང་སོགས་ཡུད་ཙམ་ལ་ཐལ་བའི་རྡུལ་དུ་བརླགས་ནས་དེ་རིང་ཉིན་གྲངས་ ༤༩ འཁོར་བའི་དུས་མཚམས་འདིར། འབྲེལ་ཡོད་ཚོགས་སྒེར་མང་པོས་འདས་པོ་རྣམས་ལ་སྨོན་ལམ་དང་ཤུལ་ལུས་ནང་མི་རྣམས་ལ་རོགས་སྐྱོར་ཅི་རིགས་བྱེད་བཞིན་པ་རེད།དེ་དང་འབྲེལ་ནས། དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུའང་། འཕགས་པ་ཝ་ཏི་བཟང་པོའམ་སྐྱིད་གྲོང་ཇོ་བོ་གདན་དྲངས་པའི་ཐོག་ནས། སྐྱིད་གྲོང་དབུས་སྐྱིད་སྡུག་གི་གོ་སྒྲིག་འོག སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་། ཀིརྟི་གྲྭ་ཚང་། རིགས་ལམ་སློབ་གཉེར་ཁང་། ཚེ་མཆོག་གླིང་སོགས་ཀྱི་དགེ་འདུན་པ་དང་། འདི་ཁུལ་གྱི་མི་དམངས་མཉམ་ཞུགས་ཀྱིས་ཞེ་དགུའི་མཆོད་འབུལ་སྨོན་ལམ་ཚོགས་གནང་སོང་། དེ་དང་སྟབས་བསྟུན་ནས། འདི་ག་རླུང་འཕྲིན་ཁང་ནས་བོད་ནང་གི་གནས་སྟངས་དང་འབྲེལ་བའི་གནས་ཚུལ་གསར་པ་ཇི་ཡོད་དང་། བལ་ཡུལ་ཕྱོགས་ནས་བོད་མི་རྐྱེན་འདས་སུ་ཕྱིན་པའི་གནས་སྟངས། དེ་བཞིན་ཆུ་ལོག་དང་འབྲེལ་ནས་རྒྱ་གཞུང་གིས་གནས་སྤོ་བྱེད་དུ་བཅུག་པའི་གྲོང་མི་ཚོའི་གནས་སྟངས་ཇི་ཆགས་སོགས་ཀྱི་སྐོར་ལ། མང་ཡུལ་སྐྱིད་གྲོང་དབུས་སློབ་སྟོན་པ་སྨན་པ་བསོད་ནམས་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་ཡོད། །
Watch on YouTube