བདུན་ཕྲག་འདིའི་བོད་དོན་གསར་འགྱུར་ཕྱོགས་བསྡུས། ༢༠༢༦།༦།༥ 𝗧𝗶𝗯𝗲𝘁 𝗧𝗵𝗶𝘀 𝗪𝗲𝗲𝗸(𝗧𝗶𝗯𝗲𝘁𝗮𝗻) June 5, 2026

1 month ago

◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཞབས་པུས་སྨན་བཅོས་ཆེད་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་པ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སྤྱི་གཉིས་ཀྱི་དབུ་ཁྲིད་གསར་ཕེབས་རྣམས་ལ་གསར་མཇལ་བཀའ་དྲིན་སྩལ་བ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གྲགས་ཆེ་བའི་ Grammy གཟེངས་རྟགས་དངོས་སུ་འབུལ་བཞེས་གནང་བ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གང་ཉིད་བོད་དུ་ཏན་ཏན་ཆིབས་སྒྱུར་བསྐྱང་ཐུབ་རྒྱུའི་བཀའ་བཟང་ཕེབས་པ། ◆ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཀརནཱ་ཊཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ། ◆ སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་མཇུག་སྒྲིལ་བ། ◆ སྐབས་ ༡༧ པའི་བཀའ་ཤག་གི་བཀའ་བློན་རྣམ་པས་ལས་འཁུར་དམ་འབུལ་དང་སྦྲགས་ལྷན་ཁང་སོ་སོའི་ལས་འཁུར་རྩིས་བཞེས་གནང་བ། ◆ གུ་རུ་ཀུལ་ (Gurukul) ལོ་འཁོར་ལས་གཞིའི་ནང་མཉམ་བཞུགས་གནང་མཁན་སློབ་མ་རྣམས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་བ། ◆ གསར་ཕེབས་སྤྱི་འཐུས་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་དང་སྲིད་བྱུས་སྐོར་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ། ◆ མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བ་དེར་ཐུགས་འཚབ་བསྟན་པའི་ཕྱག་བྲིས་ཤིག་ཧྥ་རན་སིའི་སྲིད་འཛིན་མཆོག་ལ་ཕུལ་བ། https://youtube.com/playlist?list=PLCuAfgwBJqs1UnOfTOgTnHnrTrt_o84Xv&si=7jXE9RkMZVjBFCjH https://ghoton.net https://hhthedalailama90.net #dalailama #yearofcompassion #90thbirthday #compassionrevolution #ghoton #TibetansforTibet #centraltibetanadministration #tibettv #weeklynews
Watch on YouTube