ང་ཚོས་འདིར་དྲི་བ་འདོན་རྒྱུ་ནི་སྲིད་སྐྱོང་མཆོག་ལ་རྫུ་འཕྲུལ་ཡོད་མེད་ཀྱི་སྐོར་ལ་མ་རེད།

5 hours ago

༄༅། །སྤྱི་ལོ་༢༠༢༦ ཟླ་༡༠ ཚེས་༡༠ ཉིན་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་པདྨ་ཚེ་རིང་མཆོག་གི་མང་ཚོགས་གསུང་བཤད་ཀྱི་ལས་རིམ་ཞིག་ཚོགས་པ་རེད། ལས་རིམ་དེའི་སྐབས་སུ། ངས་བོད་ཀྱི་མ་འོངས་པ་དང་། བོད་རྒྱའི་འབྲེལ་བ། བོད་མིའི་རྩ་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་ཁག་གི་ཐོག་སྲིད་སྐྱོང་མཆོག་ལ་དྲི་བ་འདོན་པ་དང་། རང་ཉིད་ཀྱི་བསམ་འཆར་འགའ་ཞིག་ཀྱང་ཞུས་པ་ཡིན། བརྙན་ལམ་འདིའི་ནང་ངས་སྲིད་སྐྱོང་མཆོག་ལ་ཞུས་པའི་དྲི་བ་དང་བསམ་འཆར་གྱི་ཆ་ཤས་དེ་དག་བཀོད་ཡོད། མང་ཚོགས་གསུང་བཤད་ཆ་ཚང་མིན། བོད་ཀྱི་གནས་ཚུལ་དང་། ཆབ་སྲིད། བཅར་འདྲི། དེ་བཞིན་བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་གནས་ཚུལ་གསར་པ་ཁག་གཟིགས་འདོད་ཡོད་ན། Voice of Kharnang (VOK Tibetan News) གི་ YouTube བརྙན་ལམ་ལ་ Subscribe གནང་རོགས། 📍 ས་གནས། ཛུ་རིག སུད་སི། 📅 ཚེས་གྲངས། ༡༠/༡༠/༢༠༢༦ 🎥 གསར་འགྱུར་ལས་ཁུངས། Voice of Kharnang (VOK Tibetan News) #SikyongPenpaTsering #PenpaTsering #Tibet #TibetNews #TibetanPolitics #DalaiLama #CentralTibetanAdministration #FreeTibet #Zurich #VOKTibetanNews #VoiceOfKharnang
Watch on YouTube