གཞུང་འབྲེལ་མཆོད་འབུལ་སྨོན་ལམ།

4 weeks ago

ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་མཆོག་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་རྒན་ཆེན་ངག་དབང་འཕེལ་རྒྱས་མཆོག་ཁ་སང་ཕྱི་ཚེས་ ༢༡ ཉིན་ཀོ་ལི་གྷལ་གཟིམས་ཤག་ཏུ་དགོངས་པ་རྫོགས་པའི་གནས་ཚུལ་ཐོན་པར། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༢༢ ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་སྟེ། དམ་པ་གང་ཉིད་ཀྱིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་སྲི་ཞུ་གང་ལེགས་བསྒྲུབས་པར་རྗེས་དྲན་དང་། ཤུལ་ལུས་ཉེ་ལྟོས་འཁོར་དང་བཅས་པར་གདུང་སེམས་མཉམ་བསྐྱེད་མཚོན་པ་དང་ཆབས་ཅིག དམ་པ་གང་ཉིད་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་མཐའ་དག་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་ཕྱིར། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཡོངས་ཚང་འཛོམས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་སོང་།
Watch on YouTube