ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་གཞུང་འབྲེལ་མཇལ་འཕྲད་གནང་བ།
ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་གཞུང་འབྲེལ་མཇལ་འཕྲད་གནང་བ།
ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན། བྷེང་ལོར་ལྷོ་ཕྱོགས་བོད་མིའི་སྤྱི་ཁྱབ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས། ཀར་ན་ཊ་ཀ་ (Karnataka) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་གསར་དུ་བཞེས་མཁན་སྐུ་ཞབས་ ཌི་ཀེ་ ཤིབ་ཀུ་མཱར་ (D.K. Shivakumar) མཆོག་གི་གཟིམ་ཤག་ཏུ་ཆེད་ཕེབས་ཀྱིས་གཞུང་འབྲེལ་མཇལ་འཕྲད་གནང་ཡོད།
མཇལ་འཕྲད་དེ་དང་བསྟུན། ལྷོ་སྤྱི་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ནས་སྩལ་གནང་བའི་འཚམས་འདྲི་དང་ཐུགས་སྨོན་གྱི་ཕྱག་བྲིས་ཁག་འབུལ་ལམ་ཞུས་གནང་འདུག
ཐེངས་འདིའི་མཇལ་འཕྲད་དེ་ནི་བོད་མི་དང་མངའ་སྡེ་གཞུང་མང་དབར་གྱི་ཡུན་རིང་གི་མཛའ་འབྲེལ་བརྟན་དུ་གཏོང་བར་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་ཆགས་ཡོད་འདུག་ཅིང་། ཞིབ་ཕྲའི་གནས་ཚུལ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ལ་བཅར་འདྲི་ཞུས་ཡོད།





