༧གོང་ས་མཆོག་ནས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྒྱ་སྐད་དུ་སྒྱུར་མཁན་སོགས་ལ་མཇལ་ཁ་སྩལ་གནང་བ།

3 hours ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༤ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་རྒྱ་སྐད་དུ་སྒྱུར་མཁན་གྱི་ལས་བྱེད་གཙོས་ཕྱི་ནང་གི་དད་ལྡན་ཉིས་བརྒྱ་སུམ་ཅུ་ལྷག་ལ་མཇལ་ཁ་སྩལ་གནང་འདུག་ཅིང་། སྐབས་དེར་༧སྐུའི་རྒྱ་སྐད་གསུང་སྒྱུར་འཇམ་དབྱངས་རིན་ཆེན་ལགས་ཀྱིས་མགོན་པོ་གང་ཉིད་ལ་རྒྱ་སྐད་དུ་བསྒྱུར་བའི་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པར་ཕུད་ཅིག་ཀྱང་འབུལ་ལམ་ཞུས་གནང་འདུག །
Original Article